ཁྱེད་ཉིད་གནས་ས།:མདུན་ངོས། > གསར་འགྱུར།  > བོད་ཁུལ་གསར་འགྱུར།

ཤིང་སློང་དུས་ཆེན་ཏེ་འབྲོག་པའི་རྩྭ་ཐང་གི་འཚོ་བ་ལས་བྱུང་བའི་བག་ཆགས།

རྩོམ་པ་པོ།      དུས་ཚོད།  2017-03-28 10:12:51     རྩོམ་ཁུངས།  མི་དམངས་དྲ་བ།

5.jpg

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཤིང་སློང་དུས་ཆེན་འདི་ནི་མདོ་དབུས་མཐོ་སྒང་བྱང་ཤར་རྒྱུད་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ། ལོ་རེའི་དབྱར་དུས་སུ། དགེ་འདུན་ཚོ་ཕྱི་ལ་ཕྱིན་ཏེ་འབུད་ཤིང་འཐུ་སྐབས། ལམ་ཐག་རིང་པོ་བརྒྱུད་དགོས་སྟབས། ཕྱི་རོལ་དུ་ཞག་སྡོད་ཀྱང་ཉིན་ཤས་བྱེད་དགོས་ཀྱིན་ཡོད། དེར་བརྟེན། ཕྱི་རོལ་དུ་ཞག་སྡོད་བྱེད་པའི་ཉིན་དེ་ཚོར། སྤྲོ་གསེང་གཏོང་བའི་ཚུལ་དུ་དགོན་པའི་གྲྭ་པ་དང་གྲོང་མི་སྐྱ་བོ་སོགས་མཉམ་དུ་གླིང་ག་གཏོང་བར་བྱེད་པ་རེད། འདི་ལ་ལོ་རྒྱུས་ཡུན་རིང་ལྡན་ལ། བྱེ་བྲག་ཏུ་དུས་ཚིགས་ཀྱི་འགྱུར་ལྡོག་ནང་བཞིན་གཏན་འཁེལ་བྱེད་ཀྱི་ཡོད་པ་རེད།
              རྒྱུན་པར་ལུགས་རྙིང་གི་ཟླ་དྲུག་པར་འཁེལ་གྱིན་ཡོད། དེ་དུས་རྩྭ་ཐང་གི་གནམ་སྔོན་དྭངས་ལ་སྤྲིན་པ་དཀར། རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས། འབྲོག་པ་མང་ཚོགས་ཀྱིས་སྦྲ་གུར་དང་སླ་ང་། ཟས་ཞིམ་པོ་དང་ཆང་མངར་མོ་བསྣམས་ཏེ་རྩྭ་ཐང་དུ་ཕྱིན་ནས་དུད་ཁྱིམ་གསུམ་ནས་ལྔ་ཙམ་མཉམ་དུ་འཛོམས་ནས་ཉིན་བཅུ་དང་བཅོ་ལྔ་ཙམ་གྱི་རིང་ཕྱི་རུ་བསྡད་རྗེས་ཕྱིར་རང་ཡུལ་དུ་ལོག་ཡོང་བ་རེད།

2.jpg

3.jpg

4.jpg

 

རྩོམ་སྒྲིག་པ། གསང་བདག་སྒྲོལ་མ།

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།