ཁྱེད་ཉིད་གནས་ས།:མདུན་ངོས། > གསར་འགྱུར།  > རྔ་ཁུལ་གསར་འགྱུར།

ཝུན་ཁྲོན་རྫོང་གི་སྡེ་ཁག་མང་པོ་ཁྲིམས་འགལ་གྱིས་བྱེ་མ་བརྐོས་པར་མཉམ་དུ་རྡུང་རྡེག་བྱས།

རྩོམ་པ་པོ།      དུས་ཚོད།  2017-08-24 10:48:31     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། ཝུན་ཁྲོན་རྫོང་གིས་ཁྲིམས་འགལ་གྱིས་བྱེ་མ་བརྐོ་པར་དྲག་རྡུང་བྱས་ནས།   ཁྲིམས་འགལ་གྱིས་བྱེ་རྡོ་རྐུ་སྐྱེལ་བྱེད་པའི་རླངས་འཁོར་ཁ་ཤས་རྩད་ཆོད་དེ།        ཁྲིམས་འགལ་ཉེས་ཅན་གྱིས་བྱེ་རྡོ་རྐུ་རྐོ་བྱེད་པའི་སྤྱོད་ངན་ལ་ནུས་ཡོད་ཀྱིས་བཀག་འགོག་བྱས།

             ཤེས་གསལ་ལྟར་ན། དྲག་རྡུང་བྱེད་པའི་གནས་ཚུལ་འོག ཁྲིམས་འགལ་གྱིས་བྱེ་མ་རྐོ་མཁན་དག་གིས་རྐུ་རྐོ་བྱེད་དུས་ནི་ཉིན་དཀར་ནས་མཚན་མོར་བསྒྱུར། གནས་ཚུལ་དེར་དམིགས་ནས། རྫོང་དེས་མཉམ་འབྲེལ་ཁྲིམས་འཛིན་དཔུང་སྡེ་བཙུགས་ནས་མཚན་གང་བོར་ཕར་རྒོལ་བྱས་ཏེ། ཁྲིམས་འགལ་གྱིས་བྱེ་མ་རྐུ་རྐོ་སྤྱོད་ངན་ལ་རྡུང་རྡེག་བྱས། ཟླ8པའི་ཚེས4ཉིན་གྱིས་སྐྱ་རེངས་ཀྱི་དུས་ཚོད5ཡི་ཐོག རྫོང་མཉམ་འབྲེལ་ཁྲིམས་འཛིན་དཔུང་སྡེ་ཡིས་ཚོ་ཆུང་གསུམ་བགོས་ནས། སོ་སོར་ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་གྱི་ཡིང་ཞོའུ་ཡི་བྱང་མཚམས་དང་ཡིང་ཞིའུ་ཡི་ལྷོ་མཚམས། རྒྱལ་ལམ321པ་ཙིང་ཅ་ཀུའུ་ཚད་བརྒལ་ས་ཚིགས་ཀྱི་གནས་གསུམ་ལ་ཕྱོགས་ཡོངས་ནས་བྱེ་རྡོ་ལྐོག་འདྲེན་ལ་འཕྲལ་བཤེར་བྱས་པ་དང་། ཁྲིམས་འཛིན་མི་སྣས་ཁྲིམས་འགལ་གྱིས་བྱེ་རྡོ་སྐྱེལ་བའི་རླངས་འཁོར་གནས་སྐབས་ཀྱིས་བཀག་ཉར་བྱས།

             མིག་སྔའི་བར་དུ། རྫོང་དེའི་མཉམ་འབྲེལ་ཁྲིམས་འཛིན་དཔུང་སྡེས་ཁྲིམས་འགལ་གྱིས་བྱེ་མ་བརྐོ་གྲུ་ཁྱོན48འགོག་གཏོར་བྱས་པ་དང་། ཁྲིམས་འགལ་གྱིས་བྱེ་རྡོ་སྐྱེལ་འདྲེན་རླངས་འཁོར80རྩད་ཆོད། ལྡུག་འཁོར1གཞུང་བཞེས་བྱས། ཁྲིམས་འགལ་གྱི་བྱེ་རྐོ་ས་ཚིགས3ལ་རྡུང་རྡེག་དང་། ཆུ་འགྲམ་གྱི་ཁྲིམས་འགལ་བྱེ་མ་རྐོ་གནས3ལ་རྡུང་རྡེག་བྱས།   ཤེས་གསལ་ལྟར་ན ། རྫོང་དེའི་སྡེ་ཁག་གི་མཉམ་འགུལ་ཁྲིམས་འཛིན་བྱ་འགུལ་དེ་མུ་མཐུད་དུ་སྤེལ་རྒྱུ་རེད། རྫོང་བྱེ་མ་དོ་དམ་གཞུང་ལས་ཁང་གིས་རྫོང་ཡོངས་ཀྱི་བྱེ་རྡོ་ཁེ་ལས་སྐྱེལ་འདྲེན་ལ་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་སྟེ། རྫོང་ཡོངས་ཀྱི་བྱེ་རྡོ་ལས་རིགས་ཀྱི་ཁོར་ཡུག་དག་ཐེར་ལས་ཀ་གོ་རིམ་ལྡན་པའི་སྒོས་སྤེལ་བར་འགན་ལེན་བྱས་ནས། རྒྱལ་ཁབ་ཀྱི་ཁོར་ཡུག་ཞིབ་བཤེར་བསུ་རྒྱུའོ།། 


རྩོམ་སྒྲིག་པ། ཚེ་པེ་དང་ཀླུ་རྒྱལ་ཚེ་རིང་


པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།