ཁྱེད་ཉིད་གནས་ས།:མདུན་ངོས། > གསར་འགྱུར།  > རྔ་ཁུལ་གསར་འགྱུར།

རང་ཁུལ་གྱི་ཁོར་ཡུག་གནད་དོན169ཡི་བརྒྱ་ཆ91.3དག་ཐེར་ལེགས་བཅོས་བྱས།

རྩོམ་པ་པོ།      དུས་ཚོད།  2017-08-22 09:48:14     རྩོམ་ཁུངས།   རྔ་བའི་གསར་འགྱུར་དྲ་བ།

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་གསལ་ལྟར་ན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་བཅས་ཀྱི་དགོས་འདུན་ལྟར། ཟླ7པ་ནས་བཟུང་། རང་ཁུལ་གྱིས་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚོ་ཆུང་གིས་མཐོང་བའི་གནད་དོན་དག་ཐེར་ལེགས་བཅོས་བྱས་ཚུལ་ལ་ཕྱོགས་ཡོངས་ནས་རིགས་བགོས་དབྱེ་ཞིབ་བྱས་ནས། གཟའ་འཁོར་གྱི་འགུལ་རྣམ་ལྟར་བཀོད་གཏོང་བྱས།

              ཟླ8པའི་ཚེས3ཉིན་བར་དུ། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་རང་ཁུལ་ལ་ལྡོག་སྐྱེལ་བྱས་པའི་གནད་དོན196ལས་གནད་དོན179དག་ཐེར་ལེགས་བཅོས་བྱས་ཚར་བ་དང་། གནད་དོན17ད་དུང་དག་ཐེར་ལེགས་བཅོས་བྱས་མ་ཚར། དག་ཐེར་ལེགས་བཅོས་མ་བྱས་པའི་གནད་དོན་དེ་ཁུལ་ཡུལ་གྲོང་སྡོད་ཁང་འཛུགས་སྐྲུན་ཅུས་ལ7དང་། ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ལ5། ཁུལ་ནགས་ལས་ཅུས་ལ2། ཁུལ་འཕྲོད་བསྟེན་ཅུས་ལ1། ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལ1། ཁུལ་སྤུས་ཚད་ལྟ་ཞིབ་ཅུས་ལ1བཅས་ཡོད་པ་དང་། རྫོང(གྲོང་ཁྱེར)གིས་དངོས་སུ་དག་ཐེར་ལེགས་བཅོས་བྱེད་འགན་ཁུར་བ6ཡོད། དེའི་ནང་དུ་མཛོད་དགེ་རྫོང་ལ1དང་། འབར་ཁམས་གྲོང་ཁྱེར་ལ2།ཆུ་ཆེན་རྫོང་ལ1། ལིས་རྫོང་ལ1། ཟུང་ཆུ་རྫོང་ལ1བཅས་ཡོད།

             ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ལ་གནད་དོན25ཡོད། དེའི་ནང་དུ་རྒྱལ་ཁབ་རིམ་པ་ཅན5དང་། ཞིང་ཆེན་རིམ་པ་ཅན11། ཁུལ་རིམ་ཅན5། རྫོང་རིམ་ཅན4བཅས་ཡོད། ཉེ་དུས་ རྩད་ཞིབ་དང་གཙང་སེལ་བྱས་པ་བརྒྱུད། རང་བྱུང་སྲུང་སྐྱོང་ཁུལ23ལ་གཏེར་ལས་བདག་དབང་དང་། ཆུ་གློག་ཁང་ཆུང་ངུ། ལྗོངས་སྐོར། ཐོན་སྐྱེད་བདག་གཉེར། ཐོན་སྐྱེད་བདག་གཉེར་མིན་པ་སོགས་ཀྱི་གནད་དོན312ཡོད། ཁྲིམས་མཐུན་གྱི་ཆུ་གློག་ཁང་ཆུང་ངུ་བསྐྲུན་པའི་རྣམ་གྲངས་དང་ལོ་རྒྱུས་ཐོག་ནས་ལུས་པའི་གནད་དོན་ཅན་གྱི་ཆུ་གློག་རྣམ་གྲངས་ཕུད་དེ། ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ20ལ་ཁོར་ཡུག་གནད་དོན279ཡོད། ཟླ8པའི་ཚེས3ཉིན་བར་དུ། གནད་དོན146དག་ཐེར་ལེགས་བཅོས་བྱེད་ཚར་མེད་པའི་ནང་། ཁོངས་གཏོགས་རྩ་དོན་ལྟར་ན། མཛོད་དགེ་རྫོང་ལ95དང་། ཝུན་ཁྲོན་རྫོང་ལ9། ཧུང་ཡོན་རྫོང་ལ13། གཟི་རྩ་སྡེ་དགུ་རྫོང་ལ10། འཛམ་ཐང་རྫོང་ལ1། འབར་ཁམས་གྲོང་ཁྱེར་ལ1། ཆུ་ཆེན་རྫོང་ལ1། ལིས་རྫོང་ལ2། མའོ་རྫོང་ལ4། ཟུང་ཆུ་རྫོང་ལ9། རྔ་བ་རྫོང་ལ1བཅས་ཡོད་དོ།།


རྩོམ་སྒྲིག་པ། ཚེ་པེ་དང་ཀླུ་རྒྱལ་ཚེ་རིང་

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།