ཁྱེད་ཉིད་གནས་ས།:མདུན་ངོས། > དཔལ་འབྱོར།  > ཞིང་འབྲོག་གསར་བ།

འབྲོག་པ་མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས།

—— ཧུང་ཡོན་རྫོང་གི་ཡུལ་གྲོང་ཕྱོགས་བསྡུས་རིག་གནས་ལྟེ་བ་ནས་མཐོང་ཐོས།

རྩོམ་པ་པོ།      དུས་ཚོད།  2016-03-24 19:28:49     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

      

3.jpg

        2015ལོའི་ཟླ7པའི་ཚེས16ཉིན།གསར་འགོད་པ་སྔ་མོར་ཧུང་ཡོན་རྫོང་གི་སྦྲ་ཆེན་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ལྟེ་བར་ཐོན། དེ་ན་རོང་འབྲོག་མང་ཚོགས་མང་བོ་ཞིག་འདུས་ཡོད་དེ། ལ་ལས་ཕིང་ཕང་སྤོ་ལོ་རྒྱག་པ་དང་། ལ་ལས་ཇ་འཐུང་བ། ལ་ལས་རིག་གནས་འཆད་ཁྲིད་ལ་ཉན་བཞིན་ཡོད།
  ཉེ་བའི་ལོ་བསྟུད་མར། ཧུང་ཡོན་རྫོང་གིས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཛུགས་སྐྲུན་ཤུགས་ཆེན་གྱིས་སྐུལ་འདེད་བཏང་སྟེ། གཡུལ་ས་བསྐྲུན་པ་དང་། དཔུང་སྡེའི་སྟོབས་ཆེར་བཏང་བ། བྱེད་སྒོ་སྤེལ་བ། དམངས་སྲོལ་དར་སྤེལ་བཏང་ནས་ནུས་ཤུགས་ཡོད་རྒུས་འབྲོག་པ་མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས་བསྐྲུན། ཡུལ་གྲོང་ཕྱོགས་བསྡུས་རིག་གནས་ལྟེ་བའི་སྒྲིག་ཆས་འཐུས་ཚང་དང་རིམ་སྤར་བྱས་པ་བརྒྱུད། གཞི་རིམ་གྱི་བསམ་པའི་རིག་གནས་ཀྱི་ལས་བྱེད་དཔུང་སྡེ་ཆ་ཚང་བཏང་བ་དང་། གཞི་རིམ་གྱི་རིག་གནས་གཡུལ་སའི་ནུས་པ་འདོན་སྤེལ་བྱས་པ། རང་གི་ཕུལ་དུ་བྱུང་བའི་མི་རིགས་དམངས་ཁྲོད་རིག་གནས་སྔོག་འདོན་དང་དར་སྤེལ་བྱས་ཏེ། འབྲོག་པ་མང་ཚོགས་ལ“ཕྱི་ནས་སློབ་སྦྱོང་བྱེད་ཐུབ་པ་དང་། ཁང་བའི་ཕྱིར་རོལ་ཏུ་གླུ་གར་ཡོད་པའི”རྒྱུན་རྣམ་གསར་བ་ཞིག་ཆགས།
  སྔོན་ཁོམ་པ་ཡོད་དུས་གྲོགས་པོ་དང་མཉམ་དུ་ཆང་འཐུང་བ་དང་།  ཟ་ཁང་དུ་འགྲོ་བ། མ་ཅང་བཅས་བརྒྱབ་ནས་འཚོ་བ་ནི་བྲོ་མེད་ཆོ་མེད་ཅིག་ཡིན། ད་ལྟ་ཕྱོགས་བསྡུས་རིག་གནས་ལྟེ་བ་ཡོད་ཕྱིན། ཚང་མའི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་བྱུང་། རྒྱུན་པར་ཐོན་སྐྱེད་དམ་འཛིན་དང་། ཁོམ་དུས་རིག་གནས་ལྟེ་བར་སོང་ནས་གླུ་ལེན་པ་དང་། བྲོ་འཁྲབ་པ། འཁྲབ་སྟོན་ལ་ལྟ་བ། འཆད་ཁྲིད་ལ་ཉན་ནས་དངོས་པོའི་འཚོ་བ་འབྱོར་ཕྱུག་ལྡན་པ་དང་། བསམ་པའི་འཚོ་བ་ཕུན་སུམ་ཚོགས་འདུག ཧུང་ཡོན་རྫོང་གི་སྦྲ་ཆེན་གྲོང་རྡལ་གྱི་གྲོང་དམངས་སྐལ་བཟང་གིས་བཤད་པར། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་ནི་ཉིན་རེ་ལས་ཉིན་རེར་བཞིན་འཐུང་སྒོ་ཚང་བའི་ཡུལ་གྲོང་ཕྱོགས་བསྡུས་རིག་གནས་ལྟེ་གནས་ཀྱི་རྟེན་གཞི་འདི་ནས་ཧུང་ཡོན་རྫོང་གི་གྲོང་ཚོ་ཚང་མར་བརྒྱུད་སྤྲོད་བྱས་ཏེ། མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་།
  སྔོན་ཆད་ང་ཚོར་རྩྭ་འདེབས་པའི་བསམ་པ་མེད། གལ་ཏེ་དགུན་ཁ་གངས་སྐྱོན་བྱུང་སྐབས། ཕྱུགས་ཟོག་ཟ་རྒྱུ་མེད་དེ་མང་བོ་ཤི་འགྲོ་བ་རེད།   ད་ལྟ་དེང་རབས་ཕྱུགས་ལས་སྤེལ་ནས་རྩྭ་འདེབས་པ་ཤེས་ཤིང་དགུན་ཁར་ཕྱུགས་ཟོག་ལྟོགས་ནས་ཤི་བར་སྐྲག་མི་དགོས་པ་རེད།  དཔེ་མཛོད་ཁང་དུ་ཕྱུགས་རྩྭ་འདེབས་པའི་ལག་རྩལ་གྱི་དཔེ་ཆར་ལྟ་བའི་གྲོང་དམངས་ཉི་མས་གསར་འགོད་པར་དེ་ལྟར་བཤད། རྫོང་ཞིང་ཕྱུགས་ཅུས་ཀྱི་ལག་རྩལ་མི་སྣ་དུས་བཅད་མིན་པའི་ངང་ལས་ཡུལ་དངོས་སུ་ཡོང་ནས་ལག་རྩལ་ལ་མཛུབ་སྟོན་བྱས། ཡིན་ནའང་ཁོ་རྒྱུན་དུ་དཔེ་མཛོད་ཁང་དུ་ཡོང་ནས་འབྲེལ་ཡོད་ཀྱི་དཔེ་ཆར་བལྟས་ནས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་དང་དོ་དམ་ཉམས་མྱོང་སློབ་སྦྱོང་དང་མིག་དཔེ་བྱས་ཏེ། གྲོང་མི་རྣམས་ཀྱིས་ཁོར་རྩྭ་འདེབས་པའི་ཆེད་ལས་མཁས་པ་ཞེས་འབོད་དེ། རྟག་ཏུ་ཡུལ་མི་ཚོར་རྩྭ་འདེབས་པའི་ལག་རྩལ་མཛུབ་ཁྲིད་བྱས།
  ཉེ་བའི་ལོ་བསྟུད་མར། རྫོང་དེས་རིག་གནས་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཤུགས་སྣོན་བྱས་ཏེ། ཁྱོན་ཕྱོགས་བསྡུས་རིག་གནས་ཁང13བསྐྲུན་ནས་ཡུལ་གྲོང་ཡོངས་སུ་ཁེབས། ད་ལྟ། ཡུལ་གྲོང་ཕྱོགས་བསྡུས་རིག་གནས་ཁང་ནི་འབྲོག་པ་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་དང་གཡུལ་ས་གཙོ་བོར་གྱུར་ནས་འབྲོག་པ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་གལ་ཆེའི་བྱེད་སྒོ་སྤེལ་ཡུལ་དང་ཚན་རིག་དང་རིག་གནས་ཀྱི་ཤེས་བྱ་ཁྱབ་སྤེལ་བྱེད་པའི་སློབ་ཁང་གལ་ཆེན་དུ་གྱུར།།

 

 

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།