ཁྱེད་ཉིད་གནས་ས།:མདུན་ངོས། > དཔལ་འབྱོར།  > ཞིང་འབྲོག་གསར་བ།

སྤྲོ་བརྒྱ་བསྐྱེད་པའི་སྲེའུ་མངར།

རྩོམ་པ་པོ།      དུས་ཚོད།  2016-03-24 19:25:41     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

        ད་ལོར་སྲིད་གཞུང་གིས་ང་ཚོའི་ཁྱིམ་དུད་ལ་བྱ་བ་མང་བོ་བསྒྲུབས། སྲེའུ་ནི་ལོ་གཅིག་ལས་ལོ་གཅིག་གོང་བཟང་བོ་ཁུག ཟླ6པའི་ཟླ་མཇུག་ཏུ། སྲེའུ་ཚང་མ་བཙོང་ཚར། ཡོང་འབབ་སྒོར་ཁྲི5ནས 6ཙམ་ཡོད། འདེབས་འཛུགས་ཁྱིམ་དུད་ལིའུ་ཞིའུ་ལེན་གྱིས་རང་ཁྱིམ་གྱི་སྲེའུ་བཙོང་ཚུལ་བཤད་དུས། སྦྲང་རྩི་ཟོས་པ་དང་འདྲ།
  ཉེ་བའི་ལོ་བསྟུད་མར། ཝུན་ཁྲོན་རྫོང་གིས་སྤུས་རྟགས་གསོ་སྐྱོང་དང་། སྤུས་རྟགས་གསར་སྐྲུན། སྤུས་རྟགས་དྲིལ་སྒྲོག སྤུས་རྟགས་སྲུང་སྐྱོང་གི་བསམ་ཕྱོགས་ལྟར། ཝུན་ཁྲོན་སྲེའུ་མངར་སྤུས་རྟགས་ཧུར་བརྩོན་གྱིས་ཁྱབ་གདལ་བཏང་བ་དང་། ཝུན་ཁྲོན་རྫོང་གི་སྲེའུ་མངར་སྤུས་རྟགས་མཐོར་འདེགས་བཏང་བ་དང་མཉམ་དུ། དུས་རབས་ཀྱི་འཕེལ་རྒྱས་རྗེས་སུ་སྙེགས་ཏེ། སྲེའུ་ཕྱིར་འཚོང་གི་ལམ་རྒྱ་ཆེ་རུ་བཏང་ནས་ཞིང་བ་ཡོང་འཕར་ཕྱུག་འགྱུར་བྱེད་རོགས་བྱས།
  ལྗོངས་སྐོར་འོས་སྦྱོར་ཚོགས་འདུ་བེད་སྤྱོད་པ་ནི་ཝུན་ཁྲོན་རྫོང་གིས་ཉེ་བའི་ལོ་བསྟུད་མར་ཝུན་ཁྲོན་སྲེའུ་ངོ་སྤྲོད་བྱེད་པའི་རྒྱུན་སྤྱོད་བྱེད་སྟངས་ཤིག་ཡིན། ད་ལོར། སྲེའུ་སྨིན་པའི་སྔོན་དུ། རྫོང་དེས་ཁྲུང་ཆིང་དང་ཁྲེང་ཏུའུ་ནས་སོས་དལ་ཚ་གཡོལ་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པར་མ་ཟད། ཁྲེང་ཏུའུ་ཡི་རྒྱང་བསྒྲགས་བརྙན་འཕྲིན་ཐོག་ཏུ་སྲེའུ་སྨིན་པའི་མཚམས་སྦྱོར་བརྡ་ཁྱབ་བཏང་།
  རྫོང་དེས་རིམ་པ་སོ་སོའི་གསར་འགྱུར་སྟེགས་བུ་བརྒྱུད་དེ་ཝུན་ཁྲོན་གྱི་སྲེའུ་འོས་སྦྱོར་བྱས། ད་ལོར་སི་ཁྲོན་བརྙན་འཕྲིན་ཁང་དང་། ཁྲུང་ཆིང་བརྙན་འཕྲིན་ཁང་། ཀྲུང་གོའི་གསར་འགྱུར་དྲ་བ། སི་ཁྲོན་གསར་འགྱུར་དྲ་བ་སོགས་ཀྱི་གསར་འགྱུར་ལས་སྟེགས་སུ་སྲེའུ་སྔ་གཞུག་ཏུ་བཏང་ནས་གསར་འགྱུར་ལས་སྟེགས་མཉམ་ཞུགས་བྱས་ཏེ། ཕྱོགས་མང་བོ་ནས་ཝུན་ཁྲོན་སྲེའུ་དྲིལ་སྒྲོག་བྱས།
  དེ་མིན། ཝུན་ཁྲོན་རྫོང་གི་གཞུང་ལམ་ལམ་རྒྱུད་དུ་མཚམས་སྦྱོར་བརྡ་ཁྱབ་ཀྱི་བྱང་བུ་མངོན་གསལ་དོད་པོའི་བཀལ་བ་དང་གྲགས་ཅན་གྱི་གླེང་སྟེགས་ཐོག་ནས་སྲེའུ་ཆེད་དོན་དྲིལ་སྒྲོག་བྱས།
  ཅུང་མ་འགོར་བར། སྲེའུ་བཏོག་པའི་བྱེད་སྒོ་དེ་མན་ཁྲི་གྲོང་རྡལ་ནས་བདེ་བླག་ངང་མཇུག་བསྒྲིལ། བྱེད་སྒོ་ཧྲིལ་བོ་སྔོན་དཔག་གི་དམིགས་ཡུལ་ལྟར་འགྲུབ། བྱེད་སྒོར་ཞུགས་པའི་ལྗོངས་རྒྱུ་བས་རང་ཉིད་ཀྱིས་དངོས་སུ་སྲེའུ་བཏོག་པའི་དགའ་སྣང་ཉམས་ལེན་ཐུབ་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཆའང་སྐོར་བྲོ་དང་། ཟས་ཞིམ་བྲོ་བ་མྱོང་ཐུབ། མཚན་མོའི་སླེབས་དུས། མེ་ཕུང་བསྐོར་ནས་སྐོར་བྲོ་འཁྲབ་པ་དང་།ལུག་ཤ་བསྲེགས་མ་ཟོས་ནས་དགའ་སྤྲོའི་ཁྲོད་དུ་གནས་འདུག 2013ལོར། ཝུན་ཁྲོན་རྫོང་གི་མེན་ཁྲི་གྲོང་རྡལ་དང་། ཝེ་ཀྲོའུ་གྲོང་རྡལ། ཡན་མོན་ཡུལ་ཚོགས་སོགས་ཀྱི་སྲེའུ་ཐོན་ཁུལ་གཙོ་བོ་ནས་ལོ་བསྟུད་མར་རིང་སྲེའུ་བཏོག་པའི་བྱེད་སྒོ་བདེ་བླག་ངང་སྤེལ། ལས་ཡུལ་དངོས་སུ་སྲེའུ་ཕྱིར་འཚོང་དང་བཏོག་པ་ཉམས་ལེན་ཟུང་དུ་འབྲེལ་བའི་ཕྱིར་འཚོང་བྱེད་སྟངས་ཀྱིས་ཞིང་བ་རྣམས་ལ་འཚོང་ལམ་རྒྱ་བསྐྱེད་པར་མ་ཟད། ཝུན་ཁྲོན་གྱི་སྲེའུ་སྤུས་རྟགས་སྲུང་སྐྱོང་བྱས།
  ཉེ་བའི་ལོ་བསྟུད་མར། ཝུན་ཁྲོན་རྫོང་གིས་སྲེའུ་མཉམ་ལས་ཁང་དང་འཛུགས་པའི་ཁྱིམ་དུད་ནི་མཐའ་འཁོར་གྱི་གྲོང་ཁྱེར་ཆེ་ཆུང་གི་སྡེབ་འཚོང་ཁྲོམ་རའི་ཚོང་བ་དང་མཉམ་ལས་བྱེད་པ་ཧུར་བརྩོན་གྱིས་མཛུབ་ཁྲིད་བྱས་ཏེ། སྲེའུ་ཕྱིར་འཚོང་འབོར་ཆེན་མངོན་དུ་འགྱུར། རྫོང་དེའི་ཞིང་ཕྱུགས་ཅུས་དང་ཆུ་དོན་ཅུས་ཀྱི་ལས་ཀ་བས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར། ལོ་རེར་ཧ་ལམ་ཤིང་ཏོག་འཚོང་མཁན80ལྷག་གིས་སྲེའུ་ཉོས་ཤིང་ཉོ་ཚད་རྫོང་ཡོངས་ཀྱི་སྲེའུ་ཕྱིར་འཚོང་ཚད་ཀྱི་བརྒྱ་ཆ60ཟིན། ཕྱོགས་གཅིག་ནས་མཐའ་འཁོར་གྱི་ཚོང་ར་ཆེ་གྲས་དང་འབྲེལ་མཐུད་བྱས་ནས་རྟེན་གཞི་དང་། ཚོང་ར་སྦྲེལ་བའི་ཕྱིར་འཚོང་བྱེད་སྟངས་སྤེལ་བས། ཞིང་ཚོང་འབྲེལ་མཐུད་མངོན་དུ་གྱུར།
  ད་ལོར། གློག་རྡུལ་ཚོང་དོན་ཞུགས་ནས་ཝུན་ཁྲོན་སྲེའུ་ཕྱིར་འཚོང་གི་གསལ་ཆ་ཞིག་ཏུ་གྱུར་པས། ཝུན་ཁྲོན་སྲེའུ་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་དེ། རྟེན་གཞི་ནས་འཛད་སྤྱོད་པའི་བར་ཐད་ཀར་ཕྱིར་འཚོང་མངོན་དུ་གྱུར་ནས་ཕྱིར་འཚོང་ལྷུ་ཚིགས་ཇེ་ཉུང་དུ་བཏང་། ཝུན་ཁྲོན་རྫོང་གི་ཞིང་ཕྱུགས་དང་ཆུ་དོན་ཅུས་ཀྱི་ལུའོ་ཧུང་ཝུའུ་ཡིས་ད་ལོའི་ཝུན་ཁྲོན་སྲེའུ་ཕྱིར་འཚོང་གླེང་དུས་བཤད་པར། གློག་ཚོང་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་བ་དང་བསྟུན། ད་ལོར་འདེབས་འཛུགས་ཁྱིམ་དུད་ལ་ལས་རང་གིས་ཐའོ་པའོ་དྲ་བ་ཕྱེས་ནས་ཕྱིར་འཚོང་བྱས་པ་དང་། ལ་ལས་ཕྱིར་འཚོང་ཕྲལ་སྐལ་ལ་བརྒྱུད་ནས་ཕྱིར་འཚོང་བྱས།
  “ནང་ལ་གདན་འདྲེན་ཞུ་པ་དང་། ཕྱིར་འགྲོ་བའི”བྱེད་སྟངས་བརྒྱུད། ཝུན་ཁྲོན་རྫོང་གིས་ནུས་ལྡན་གྱི་ཚོང་ཡུལ་ཕྱེས། མིག་སྔའི་བར་དུ། ཝུན་ཁྲོན་སྲེའུ་སྒོར་དུང་ཕྱུར1.2ལ་བསླེབས་ཏེ། འདེབས་འཛུགས་ཁྱིམ་དུད་ཀྱི་སྒོར་ཁུག་ཇེ་མཐུག་བཏང་།།

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།