ཁྱེད་ཉིད་གནས་ས།:མདུན་ངོས། > དཔལ་འབྱོར།  > ཞིང་འབྲོག་གསར་བ།

ཁུལ་ཞིང་ལས་ཕྱུགས་ལས་ཅུས་ཀྱིས་ཐོན་ལས་བརྒྱུད་རིམ་འཕེལ་རྒྱས་བཏང་།

རྩོམ་པ་པོ།      དུས་ཚོད།  2016-03-24 20:21:59     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

5.jpg

        ཞིང་ལས་ཐོན་སྐྱེད་དང་། བདག་གཉེར། དོ་དམ། ཞབས་འདེབས་ཀྱི་གཉེར་སྤྱོད་ཆེན་པོ་བཞི་ཁ་ཕྱོགས་ཏེ། གཞི་གྲངས་ཆེན་པོ་དང་། ཟོག་འབྲེལ་དྲ་རྒྱ། ཨང་ཀའི་ཞིང་ལས་སོགས་ཀྱི་མདུན་གྲལ་ལག་རྩལ་ལ་བརྒལ་བ་དང་། ཐོན་ལས་བརྒྱུད་རིམ་གྱི་ཞིང་ལས་མ་ལག་འཛུགས་པ་དང་དེ་མིན་“འཕྲིན་འབྲེལ་དྲ་བ་དང་། ཞིང་ལས་སྦྲེལ་བ”ནི་ཞིང་ལས་ཀྱིས་ཆ་འཕྲིན་ཅན་བེད་སྤྱད་ནས་དེང་རབས་ཅན་གྱི་ཞིང་ལས་ཕྱོགས་སུ་རིགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བར་གྱུར། ཉེ་བའི་ལོ་བསྟུད་མར། རང་ཁུལ་གྱིས་གོ་སྐབས་དམ་འཛིན་བྱས་ཤིང་ཞིང་ལས་རིགས་བསྒྱུར་རིམ་སྤོར་བྱས་ནས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཞིང་ལས་འགོམ་བརྒལ་ལྟར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
  ཅུས་དེས“འཕྲིན་འབྲེལ་དྲ་བ་དང་། ཞིང་ལས”སྦྲེལ་བའི་ཆེད་དོན་ནི་རང་ཁུལ་གྱི“ལྔ་འཆར་བཅུ་གསུམ་པའི”འཆར་འགོད་གྲས་སུ་བཀོད། དེ་དང་དུས་མཚུངས་སུ། འཕེལ་རྒྱས་གཏོང་བའི་དུས་ཡིན་འབྲིང་རིང་གི་འཆར་འགོད་གཏན་འབེབས་བྱས་ཏེ། ཁུལ་ཡོངས་ཀྱི“འཕྲིན་འབྲེལ་དྲ་བ་དང་། ཞིང་ལས”སྦྲེལ་བའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་དམིགས་ཡུལ་གཏན་འཁེལ་བྱས། ཞིང་ལས་ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་ཐད་སྲིད་གཞུང་གིས་གཏོང་ཚད་ཇེ་ཆེར་བཏང་བ་དང་ཞིང་འབྲེལ་ཆ་འཕྲིན་ཐོན་ཁུངས་སྡེབ་སྒྲིལ་བྱས་པ་དང་། ཞིང་ལས་ཆ་འཕྲིན་ཅན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཞིང་ལས་ཀྱི་གཞི་གྲངས་ཆེན་པོའི་སྟེགས་བུ་རིམ་གྱིས་བཙུགས་པ། གྲོང་སྡེར་འབྲེལ་མཐུད་དང་། ལས་རིགས་ལ་ཁེབས་པ། ཞིང་ལས་ལ་ཁ་གཏད་པའི་ཞིང་ལས་ཀྱི་ཆ་འཕྲིན་མགྱོགས་སུ་བསྐྲུན་པ། “འཕྲིན་འབྲེལ་དྲ་བ་དང་ཞིང་ལས”སྦྲེལ་བའི་དངོས་རྫས་དང་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་བྱས་པ། ཤིང་འབྲས་དང་། ཟོག་ཤ། འོ་མ་སོགས་ཀྱི་ཞིང་ཕྱུགསལས་ཐོན་རྫས་ཆེན་པོ་གཙོ་གནད་དུ་བྱས་པའི་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་བདེ་འཇགས་མ་ལག་གི་འཛུགས་སྐྲུན་མགྱོགས་སུ་བཏང་བ། ནུས་ལྡན་གྱི་བྱེད་ཐབས་ཞིབ་འཇུག་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་དྲ་སྦྲེལ་དཔེ་སྟོན་སྤེལ་བ། མཐུན་པའི་མངའ་ཁོངས་དང་ལོ་ཏོག་གདམ་གསེས་བྱས་ནས་ཁུལ་ཡོངས་སུ་ཁྱབ་གདལ་བཏང་བ། ས་གནས་དེ་གའི་གློག་རྡུལ་ཚོང་དོན་ཁེ་ལས་བདེ་བླག་ངང་འཕེལ་རྒྱས་ཡོང་བར་གསོ་སྐྱོང་དང་རྒྱབ་སྐྱོར་བྱས་ཤིང་། སྙན་གྲགས་ཅན་གྱི་གློག་རྡུལ་ཚོང་དོན་ཁེ་ལས་ལ་ཧུར་བརྩོན་གྱིས་མཉམ་ལས་བྱས་པ་དང་། ཞིང་ལས་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་རིགས་སོ་སོའི་བདག་གཉེར་གཙོ་བོ་ནི་གློག་རྡུལ་ཚོང་དོན་གྱི་སྟེགས་བུར་ཞུགས་པ་སྣེ་ཁྲིད་དང་བསྔགས་སྐུལ་བྱས། ཞིང་བ་སྣེ་ཁྲིད་དེ་གློག་རྡུལ་ཚོང་དོན་འཕེལ་རྒྱས་བཏང་སྟེ། ཁུལ་ཡོངས་ཀྱི་ཐོན་ལས་གཙོ་བོ་དང་མངའ་ཁོངས་གཙོ་བོའི་ཞིང་ལས་ཐོན་རྫས་ཀྱི་གློག་རྡུལ་ཚོང་དོན་ཁྱོན་ཡོངས་སུ་ཁེབས་པ་མགྱོགས་མྱུར་གྱིས་མངོན་འགྱུར་བྱུང་།།      

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།