ཁྱེད་ཉིད་གནས་ས།:མདུན་ངོས། > དཔལ་འབྱོར།  > ཞིང་འབྲོག་གསར་བ།

མཛོད་དགེ་རྫོང་གིས་ཐོན་ལས་སྒྲིག་གཞི་ལེགས་བསྒྱུར་བྱས་ནས་རྫོང་ཁོངས་དཔལ་འབྱོར་གྱི་སྟོབས་ཇེ་ཆེར་བཏང་།

རྩོམ་པ་པོ།      དུས་ཚོད།  2016-03-24 19:15:59     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

        ཐོན་ལས་སྟོབས་ཇེ་ཆེར་གཏོང་བ་དང་ལེགས་འགྱུར་བྱེད་པ་ནི་རྫོང་ཁོངས་དཔལ་འབྱོར་གྱི་བསྒྲུབ་བྱ་གཙོ་བོ་དང་སྲོག་ཤིང་ཡིན་ལ། རྫོང་ཁོངས་ཐོན་ལས་སྒྲིག་གཞི་བསྒྱུར་བཀོད་ཀྱི་འགུལ་ཤུགས་ཤིག་ཀྱང་ཡིན།  ད་ལོར། མཛོད་དགེ་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་སྲོག་ཤིང་ཐོན་ལས་ཀྱི་སྟོབས་ཇེ་ཆེར་དང་ལེགས་འགྱུར་བྱས་ནས་རྫོང་ཁོངས་ཀྱི་ལྟེ་བའི་འགྲན་རྩོད་ཀྱི་བཟང་ཆ་ཞིག་ཏུ་གྱུར་པས། ཐོན་ལས་འབྲེལ་ཐག་སྲིང་བར་སྐུལ་འདེད་དང་། ཐོན་ལས་སྒྲིག་ཆས་འཕར་སྣོན་གཏོང་བར་སྣེ་ཁྲིད་བྱས་ཏེ།  རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།
  ལྗོངས་སྐོར་ལས་རིགས་དམིགས་ནས། མཛོད་དགེ་རྫོང་གི་དཔལ་འབྱོར་གོང་འཕེལ་བཏང་།
  མཛོད་དགེ་རྫོང་གིས་སྐྱེ་ཁམས་རིག་གནས་ལྗོངས་སྐོར་ལ་དམིགས་ནས།  ལྗོངས་སྐོར་ལས་རིགས་ཐོན་ལས་གཙོ་བོར་བརྩིས་ནས་དམ་འཛིན་བྱས་ཏེ། ནུས་ཡོད་ཀྱིས“བརླན་སའི་རྩྭ་ཐང་ཆེན་མོས་ཡིད་དབང་འཕྲོག་ཅིང་།  མཐའ་ཡས་པའི་མཛོད་དགེ་ལ་རྨི་ལམ་ཆགས་པ”ཞེས་པའི་ལྗོངས་སྐོར་རྟགས་ཅན་གྱི་སྙན་གྲགས་མཐོར་འདེགས་བཏང་། གང་ལེགས་ཀྱིས་ཞིང་ལས་ཐོན་ལས་དང་། རྨོ་འདེབས་རིག་གནས།  སྤོ་འཚོའི་རིག་གནས་སྡེབ་སྒྲིག་བྱས་ནས། ཧུར་ཐག་གིས་ཁྱད་ཆོས་ལྡན་པའི་ལམ་ཐིག་དང་ལྗོངས་སྐོར་ཐོན་རྫས་བསྐྲུན་པ་དང་། གསར་གཏོད་ལ་སོས་དལ་རང་བཞིན་དང་ཞུགས་པའི་རང་བཞིན་གྱི་སྐྱེ་ཁམས་རིག་གནས་ལྗོངས་སྐོར་ཐོན་རྫས་ཀྱི་ཁྱད་ཆོས་ལྡན། ལྗོངས་སྐོར་འཛད་སྤྱོད་ཀྱི་མངོན་མེད་ནུས་ཤུགས་སྔོག་འདོན་བྱས་ནས། འཛད་སྤྱོད་ཀྱི་གླེང་ཆ་དང་དཔལ་འབྱོར་གྱི་འཕར་གཞི་གསར་བ་ཞིག་ཆགས།  ད་ལོར། མཛོད་དགེ་རྫོང་གིས་ལྗོངས་སྐོར་སྣེ་ལེན་བྱེད་ཚད་བརྒྱ་ཆ8.8དང་། མི་ཐེངས་ཁྲི185ལ་སླེབས་པ། ལྗོངས་སྐོར་སྣེ་ལེན་གྱི་ཡོང་འབབ་འཕར་ཚད་བརྒྱ་ཆ10.4དང་།  སྒོར་དུང་ཕྱུར13.43ལ་སླེབས་རྒྱུའི་སྔོན་རྩིས་བྱས།
  ལྗོངས་སྐོར་དཔལ་འབྱོར་འཕེལ་རྒྱས་རིམ་འཕར་བྱེད་ཆེད། རྫོང་ཡོངས་ཀྱི་ལྗོངས་སྐོར་ཐོན་ལས་མྱུར་དུ་འཕེལ་རྒྱས་གཏོང་བར་ཧུར་བརྩོན་གྱིས་སྐུལ་འདེད་བཏང་། མཛོད་དགེ་རྫོང་གིས་བརླན་ས་སྲུང་སྐྱོང་གི་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་དང་སློབ་གསོ་ལྟེ་གནས་འཛུགས་སྐྲུན་དང་མཚོ་ཁྲ་རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་སྐོར་མཛེས་ཁུལ་བསྐྲུན་པའི་ལས་ཀ་སྤེལ་འགོ་ཚུགས་ཏེ། མཛེས་ཁུལ་གྱི་རྨང་གཞི་སྒྲིག་ཆས་བསྒྱུར་བཀོད་དང་། ཁོར་ཡུག་སྔར་ལས་སྲུང་སྐྱོང་། སྔར་ལས་རང་བྱུང་། རྒྱལ་སྤྱིའི་དམིགས་ཚད་དང་བསྟུན་པའི་རྒྱལ་སྤྱིའི་བརླན་སའི་ལྗོངས་སྐོར་མཛེས་ཁུལ་ཞིག་བསྐྲུན། མཚོ་ཁྲའི་མཛེས་ཁུལ་ནས་བྲག་དཀར་བྱ་རྒོད་བར་གྱི་གཞུང་ལམ་འཛུགས་སྐྲུན་ལག་བསྟར་བྱས། གཙོ་བོ་བྲག་དཀར་བྱ་རྒོད་ཕྱི་རོལ་གྱི་ལུས་རྩལ་ཞིང་ཁམས་བསྐྲུན་ནས། མཚོ་ཁྲ་དང་མཛེས་ཁུལ་བར་ཕན་ཚུན་གསབ་པའི་འཕེལ་ཚུལ་མངོན་འགྱུར་བྱུང་། སྐབས་དང་བོའི་མཛོད་དགེ་རྫོང་གི་རྒྱལ་ཡོངས་པར་ལེན་འགྲན་བསྡུར་ཆེན་མོ་དང་མཛོད་དགེའི་ཨ་མདོའི་རྟ་རྒྱུག་ཚོགས་ཆེན་འཚོགས། བློ་རིག་ཅན་གྱི་ལྗོངས་སྐོར་སྟེགས་བུ་གསར་གཏོད་བྱས་ནས།  ཕྱོགས་ཡོངས་ནས་ལྗོངས་སྐོར་ཆ་འཕྲིན་ཅན་གྱི་ཞབས་འདེགས་ནུས་པ་མཐོར་འདེགས་དང་། བློ་རིག་ཅན་གྱི་ལྗོངས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
  ཞབས་འདེགས་ལས་རིགས་ལ་དམིགས་ནས། རྫོང་དར་བྱེད་ཀྱི་ཐོན་ལས་གཙོ་བོ་མཐོར་འདེགས་བཏང་།
  2014ལོར། རྫོང་དེའི་མཚོ་ཁྲ་དང་རྨ་ཁུག་དང་བོའི་མཛེས་ཁུལ་གཉིས་ཀྱིས་ལྗོངས་རྒྱུ་བ་མི་ཐེངས་ཁྲི100སྣེ་ལེན་བྱེད་པའི་འགག་སྒོ་ལས་བརྒལ་ནས། མཛེས་ཁུལ་གྱི་ཡོང་འབབ་སྒོར་ཁྲི8200ཡོད། ལྗོངས་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་བྱུང་བས། རྫོང་དེས་ས་ཁོངས་དང་ལས་རིགས་གཉིས་དོ་མཉམ་འཕེལ་རྒྱས་འབྱུང་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ལྗོངས་སྐོར་ཐོན་ལས་ལ་དམིགས་ནས། རྣམ་གསར་གྱི་ཞབས་འདེགས་ལས་རིགས་སྟོབས་ཆེར་འཕེལ་རྒྱས་གཏོང་བར་གསོ་སྐྱོང་བྱས་ཏེ། གྲོང་སྡེའི་རྩོལ་ཤུགས་ལྷག་མ་ནི་ལྗོངས་སྐོར་གྱི་ཞབས་འདེགས་ལས་ཞུགས་མི་སྣ་བསྒྱུར་བར་སྣེ་ཁྲིད་བྱས། ཧུར་ཐག་གིས་དམངས་ཁྲོད་ཀྱིས་མ་དངུལ་བཏང་ནས་མགྲོན་ཁང་དང་། བཟའ་བཏུང་། རོལ་རྩེད། ལྗོངས་སྐོར་ཚོང་རྫས་སོགས་ཀྱི་ལྗོངས་སྐོར་སྒྲིག་ཆས་ཀྱི་ཞབས་འདེགས་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། མིག་སྔའི་བར་དུ། རྫོང་ཡོངས་སུ་ཐོ་འགོད་བྱས་པའི་རིགས་སོ་སོའི་དཔལ་འབྱོར་དངོས་ཚན2081ལ་བསླེབས། དེའི་ནང་ལྗོངས་སྐོར་ཞབས་འདེགས་ལས་རིགས་ལ་གཏོགས་པའི་དངོས་ཚན་དུད་ཚང559ཡོད། སྡོད་ཁང་དང་། བཟའ་བཏུང་གཉིས་འཛོམས་པའི་གཞི་ཁྱོན་ཅན་གྱི་ཁེ་ལས67དང་། ལྗོངས་སྐོར་དོ་དམ་ཞབས་འདེགས་ཀྱི་ཁེ་ལས2ཡོད།
  ཞབས་འདེགས་ལས་རིགས་ལ་དམིགས་ནས། རྫོང་དེས་རྫོང་མཁར་དུ་ཟས་ཞིམ་སྲང་ལམ་དང་ཆང་ཁང་སྲང་ལམ་བསྐྲུན་ནས། རྨ་ཁུག་དང་བོ་དང་། མཚོ་ཁྲའི་མཛེས་ཁུལ་གྱི་ཞབས་འདེགས་ལས་རིགས་ཚད་ལྡན་དང་རིམ་འཕར་ལ་སྐུལ་འདེད་བཏང་། ཁྲོན་ནུབ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་ཁུལ་གྱི་ཚོང་དོན་སྲང་ལམ་འཛུགས་སྐྲུན་བྱས་ནས། ལྗོངས་སྐོར་གྱི་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་དང་། “ཟ་སྡོད་སྐྱོད་གསུམ་དང་།  ཉོས་རོལ་བསྒྲགས་གསུམ་སོགས་ཀྱི་སྒྲིག་ཆས་སྒྲིག་བཀོད་དང་དྲིལ་སྒྲོག་ཐབས་ཇུས་འཐུང་ཚང་བཏང་། ད་ལོར།  ཧུར་ཐག་གིས་ཞབས་འདེགས་ལས་རིགས་ཀྱི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར1.04མངོན་འགྱུར་བྱས་ནས། ན་ལོ་དང་བསྡུར་ན་བརྒྱ་ཆ16.6འཕར་དུ་བཅུག
  ཞིང་ཕྱུགས་ལས་རིགས་ལ་དམིགས་ནས། རོང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་བཏང་།
  ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ཞིང་བའི་ཡོང་འབབ་འཕར་སྣོན་ཡོང་བར་ནུས་ལྡན་གྱི་ཐབས་ལམ་ཞིག་ཡིན། ཉེ་ཆར། སྨྱུག་འཛིན་པས་རྫོང་ཕྱུགས་སྨན་ཅུས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་རྫོང་ཡོངས་ཀྱིས“ཕྱོགས་ཡོངས་ནས་འཆར་འགོད་དང་། སྲུང་སྐྱོང་ལ་ཤུགས་སྣོན། ལུགས་མཐུན་བེད་སྤྱོད། གལ་ཆེན་འཛུགས་སྐྲུན”གྱི་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས། ནན་ཏན་གྱིས་རྩྭ་ཐང་གི་སྐྱེ་དངོས་སྲུང་སྐྱོང་གི་བྱ་དགའ་སྟེར་བའི་སྲིད་ཇུས་དོན་འཁྱོལ་དང་། རྩྭ་ཐང་གི་གཏན་འཁེལ་བྱེད་དབང་དང་འགན་གཙང་ལེན་གྱི་ལས་དོན་ལེགས་གྲུབ་བྱུང་ནས། གང་ལེགས་ཀྱིས་རོང་འབྲོག་དམངས་ཀྱི་རྩྭ་ཐང་སྲུང་སྐྱོང་འཛུགས་སྐྲུན་དང་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པའི་ཧུར་ཐག་རང་བཞིན་སྐུལ་སློང་བཏང་། རྩྭ་ཐང་གི་མེ་འགོག་གཞུང་ལམ་འཛུགས་སྐྲུན་དང་། བྱི་གསོད་འབུ་འགོག  རྩྭ་ར་དང་ཕྱུགས་ཟོག་གི་དྲོད་ཁང་འཛུགས་སྐྲུན་དང་མིས་བཟོས་གསོག་རྩྭའི་གནས་གཞི་འཛུགས་སྐྲུན་གྱི་ནུས་ཚད་ཇེ་ཆེར་བཏང་།
  ད་ལོར། རྫོང་དེས་ཞིང་ལས་ཐོན་ལས་སྒྲིག་གཞི་བསྒྱུར་བཀོད་ཇེ་མགྱོགས་སུ་བཏང་བའི་གོ་སྐབས་ལ་བསྟུན་ནས། མུ་མཐུད་དུ་མཐོ་སྒང་གི་སྤུས་ལེགས་པད་ཁ་དང་། མཐོ་སྒང་གི་ཁྱད་ལྡན་ཞོག་ཁོག  སྦགས་མེད་སྔོ་ཚལ། ཀྲུང་ལུགས་སྨན་རྫས། བཟའ་བྱའི་ཤ་མོ་སོགས་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་གནས་གཞི་འཛུགས་སྐྲུན་བཟང་བོ་བྱས། ནུས་ཡོད་ཀྱིས་མཉམ་དུད་ཚོང་གཉེར་དང་། ཆེད་གཉེར་དུད་ཆེན། ཁྱིམ་ཚང་ཞིང་ར་སོགས་རྣམ་གསར་གྱི་གཉེར་སྐྱོང་གཙོ་བོ་གསོ་སྐྱོང་བྱས་ནས། ཁེ་ལས་གཙོ་བོའི་ལས་རྐང་དང་ཞིང་བའི་ཆེད་གཉེར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། ས་ཞིང་ཚན་རིགས་དང་ལུགས་མཐུན་གྱིས་སྐོར་སྐྱོད་བྱས། མུ་མཐུད་དུ་ཁྱད་ལྡན་གྱི་ཞིང་ལས་ཐོན་ལས་ཅན་དང་། གཞི་ཁྱོན་ཅན་གྱི་ཆུ་ཚད་རྒྱ་ཇེ་ཆེར་བཏང་། གྲོང་སྡེའི་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར7.5མངོན་འགྱུར་འབྱུང་བར་བརྩོན་ལེན་བྱས་ནས། ན་ལོ་ལས་བརྒྱ་ཆ16.8འཕར་གྲབས་ཡོད།།    

 

 

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།