ཁྱེད་ཉིད་གནས་ས།:མདུན་ངོས། > སློབ་གསོ།  > གསར་འགྱུར།

རྔ་བའི་དགེ་འོས་སློབ་གྲྭ་ཆེན་མོས་བློ་གྲོས་རིན་ཆེན་གྱི་ཁྱིམ་མི་ལ་བདེ་འདྲི་བྱས།

རྩོམ་པ་པོ།      དུས་ཚོད།  2016-03-25 10:58:22     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

        ཟླ་6པའི་ཚེས་30ཉིན། རྔ་བའི་དགེ་འོས་སློབ་གྲྭ་ཆེན་མོའི་རྨད་དུ་བྱུང་བའི་སློབ་མ་བློ་གྲོས་རིན་ཆེན་གྱིས་ཆུ་ལོག་ལ་འགོག་པ་དང་རྒུད་སྐྱོབ་བྱེད་རིང་དུ་རང་སྲོག་བློས་བཏང་བའི་སྐྱོ་ཚུལ་འདི་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་ཐོས་རྗེས་ཧ་ཅང་ཡིད་སྐྱོ་བྱུང་མ་ཚད། རང་མོས་ཀྱིས་ཞལ་འདེབས་རྩ་འཛུགས་བྱས། ཟླ་7པའི་ཚེས་4ཉིན་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅིས་སློབ་གྲྭའི་ཏང་ཨུ་དང་སྲིད་འཛིན། དགེ་སློབ་8000ལྷག་གི་ཚབ་བྱས་ཏེ། བློ་གྲོས་རིན་ཆེན་གྱི་ཕ་ཡུལ་དུ་སོང་ནས་ཁོའི་ཕ་མ་དང་གཉེན་ཉེ་ལ་བདེ་འདྲི་བྱས།
        ཧྲུའུ་ཅིས་བློ་གྲོས་རིན་ཆེན་གྱི་ཕ་མ་དང་གཉེན་ཉེ་ལ་བདེ་འདྲི་ཞུས་ཤིང་། སློབ་གྲྭ་དེའི་དགེ་སློབ་ཚང་མས་ཞལ་འདེབས་བཏང་བ་དང་། སློབ་གྲྭའི་བདེ་འདྲི་བྱེད་དངུལ་སྒོར་30000བརྒྱུད་སྤྲོད་བྱས། ཧྲུའུ་ཅིས་བཤད་པར། བློ་གྲོས་རིན་ཆེན་ནི་རྔ་བའི་དགེ་འོས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པའི་སློབ་མ་བཟང་བོ་ཞིག་ཡིན། སློབ་གྲྭས་སློབ་གྲྭའི་དགེ་སློབ་ཚང་མ་ལ་བློ་གྲོས་རིན་ཆེན་ལ་སློབ་སྦྱོང་བྱ་དགོས་པ་དང་། ཚང་མས་བློ་གྲོས་རིན་ཆེན་ནང་བཞིན་མི་རིགས་ཀྱི་ས་ཁུལ་དུ་རྐང་འཛུགས་པ་དང་། གཞི་རིམ་དུ་རྐང་འཛུགས་པར་སློབ་སྦྱོང་བྱ་དགོས་པ་དང་། བློ་གྲོས་རིན་ཆེན་གྱི་སྤྱི་སེམས་ལས་སྒེར་སེམས་མེད་པ། དཀའ་ཚེགས་ལ་མི་འཛེམ་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ཡོང་བ་དང་། དཔལ་འབྱོར་ཡར་རྒྱས་གོང་དུ་འཕེལ་བ་ལ་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་།།
                        

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།