ཁྱེད་ཉིད་གནས་ས།:མདུན་ངོས། > ཁྲིམས་ལུགས།  > གསར་འགྱུར།

རང་ཁུལ་གྱིས་ཐེངས་དང་པོའི་གཅོང་ནད་ལུས་གསོའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་འགོ་བཟུང་།

རྩོམ་པ་པོ།      དུས་ཚོད།  2016-03-25 19:24:05     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

0.jpg

        ཉེ་ཆར། རང་ཁུལ་གྱི་ཐེངས་དང་པོའི་ཁུལ་ཡོངས་ཀྱི་གཅོང་ནད་ལུས་གསོའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་བའི་ཚོགས་འདུ་འཚོགས་ལ། ལོ་གསུམ་གྱི་ནང་དུ་ཡུལ་གྲོང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལུས་གསོ་ཁང་གི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ཏེ། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གི་ལུས་གསོའི་ཚན་ཁག་དང་མི་རིགས་ཀྱི་ཁྱད་ལྡན་ལུས་གསོའི་ཞབས་ཞུའི་ཁུལ་ཚད་ལྡན་གྱི་འཛུགས་སྐྲུན་དང་དོ་དམ་སྐོར་ལ་ཤུགས་བསྣན་བཏང་སྟེ། ༢༠༡༧ལོའི་བར་དུ་གཞི་རིམ་གྱི་ལུས་གསོའི་སྨན་བཅོས་ཞབས་ཞུའི་མི་ཐེངས་བརྒྱ་ཆ་༤༠ཡན་དུ་བརྒལ་རྒྱུ། ད་ལོའི་བར་རང་ཁུལ་དུ་ལུས་གསོའི་སྒྲིག་ཆས་༥༨༣ལྷག་ཁ་སྣོན་དང། མི་ཐེངས་༡༣༤༠ལྷག་གསོ་སྦྱོང་། གཞི་རིམ་གྱི་འཕྲོད་བསྟེན་ཁང་༥༠ལྷག་ལ་ལུས་གསོའི་ལག་རྩལ་ཁྱབ་རྡལ་གཏོང་རྒྱུ་རེད།།

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།