ཁྱེད་ཉིད་གནས་ས།:མདུན་ངོས། > ཁྲིམས་ལུགས།  > གསར་འགྱུར།

ཧུང་ཡོན་རྫོང་གིས་རྩྭ་ཐང་ཉེན་སྲུང་བཅའ་ཁྲིམས་དྲིལ་བསྒྲགས་གཏོང་།

རྩོམ་པ་པོ།      དུས་ཚོད།  2016-03-25 17:44:41     རྩོམ་ཁུངས།  རྔ་བའི་གསར་འགྱུར་དྲ་བ།

8.jpg

        ཧུང་ཡོན་རྫོང་གིས་རྩྭ་ཐང་ཉེན་སྲུང་བཅའ་ཁྲིམས་འགོ་འཛིན་མཛད་སྒོ་ཚེས་༡༩ཉིན་ཧུང་ཡོན་དུ་སྤེལ་ལ། འགོ་འཛིན་མཛད་སྒོའི་ཐོག་རྫོང་དཔོན་འཇམ་དབྱངས་བློ་གསལ་གྱིས་འབྲོག་ཁུལ་གྱི་རྩྭ་ཐང་ཉེན་སྲུང་གི་བྱ་བའི་དོན་སྙིང་དང་སྲིད་ཇུས་ཀྱི་ཕན་ནུས་སོགས་ལ་འགྲེལ་བཤད་རྒྱབ་པ་མ་ཟད།  ཚོགས་ཐོག་ཏུ་ལས་ཁུངས་སོ་སོ་དང་གྲོང་སྡེ་སོ་སོས་ཚོགས་འདུའི་དགོངས་དོན་ལག་བསྟར་ཟབ་མོ་དང་རྩྭ་ཐང་གི་ཉེན་སྲུང་ཤེས་བྱ་ཁྱབ་བསྒྲགས་བྱེད་དགོས་ཞེས་བཤད། རྒྱུས་ལོན་པ་ལྟར་ན། སྐྱ་རོང་དང་ཚ་རུ་མ་ཡུལ་ཚོ་གཉིས་ཧུང་ཡོན་རྫོང་གི་རྩྭ་ཐང་ཉེན་སྲུང་ཚོད་ལྟའི་གནས་སུ་གཏན་འཁེལ་བྱས་ནས། འབྲོག་པ་ཚོའི་གནོད་འགོག་གནོད་སྐྱོང་གི་ནུས་པར་ཤུགས་སྣོན་དང་རྩྭ་ཐང་གི་སྐྱེས་ཁམས་དོ་མཉམ་ལ་འགན་ལེན་བྱེད་རྒྱུ་རེད།།

 

པར་དབང་ནི་རྔ་བའི་གསར་འགྱུར་དྲ་བར་དབང་བས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག

ཐོ་བདག་དབང་ཁྲོན་ ICP ཐོ་ཨང་ 11000567

འབྲེལ་གཏུག་ཁ་པར། 0837-2836568     ཡིག་སྒམ། abazwqmt@163.com

ལག་རྩལ་སྡེ་ཁག སི་ཁྲོན་ཧྲེན་ཀྲུའུ་ཡ་ཡུན་ཚན་རྩལ་ཚད་ཡོད་ཀུང་སི།