མཛོད་དགེ་རྫོང་གིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2021-09-15   རྩོམ་ཁུངས།   

རང་རེའི་རྫོང་གྲོང་གི་དཔལ་ཡོན་སྔར་བས་ཇེ་ལེགས་དང་། སྡེ་ཁུལ་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། ཟླ༩ཚེས༡༣ཉིན། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་དང་སི་ཁྲོན་ཐུང་ཞིན་ཁྲིམས་རྩོད་ཞབས་ཞུའི་ཚོགས་པའི་མཛོད་དགེ་ཡན་ལག་ཚོགས་པས་དུག་འགོག་སློབ་གསོའི་ཆེད་དོན་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ། 

བྱེད་སྒོར་དེ་སྔའི་ཕྱོགས་གཅིག་ཅན་དང་དྲིལ་སྒྲོག་གཅིག་རྐྱང་གི་རྣམ་པར་འགྱུར་ལྡོག་བཏང་སྟེ། བྱ་དགའ་ཡོད་པའི་འགྲན་རྩོད་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་མང་ཚོགས་འགྲན་རྩོན་ལ་ཞུགས་པའི་སྤྲོ་སེམས་ཆེ་རུ་བཏང་། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོར་ཁྱོན་དྲིལ་སྒྲོག་ལག་དེབ༡༠༠ལྷག་སྤྲད་པ་དང་། མི༡༢༠ལྷག་བྱ་དགའ་ཡོད་པའི་འགྲན་རྩོད་བྱེད་སྒོར་ཞུགས་ནས་ལེགས་སྐྱེས༢༠༠ལྷག་སྟེར། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་ལས་སྟེགས་ལེགས་པོ་བསྐྲུན། དམངས་ཡོངས་དུག་འགོག་འཐབ་རྩོད་ལ་ཞུགས་པའི་ཁོར་ཡུག་ལེགས་པོ་བསྐྲུན།

སི་ཁྲོན་ཐུང་ཞིན་མཛོད་དགེའི་ཡན་ལག་ཚོགས་པའི་འགོ་གཙོ། ཏིའོ་ཧུང་།

ང་ཚོས་མཛོད་དགེ་ཁྲིམས་འཛིན་ཅུས་དང་མཉམ་དུ་དུག་འགོག་སློབ་གསོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། མཛོད་དགེ་ཞིང་འབྲོག་མང་ཚོགས་ཀྱི་དུག་འགོག་འདུ་ཤེས་ཇེ་ཟབ་ཏུ་བཏང་བས། མང་ཚོགས་རྣམས་པས་བཅའ་ཁྲིམས་ལ་ངོས་འཛིན་གསལ་པོ་བྱུང་།