འཛམ་གླིང་གི་ཤུལ་བཞག ། མི་ཡུལ་གྱི་དག་ཞིང་། །

རྩོམ་པ་པོ།   ཆོས་རྒྱས་དང་ཚེ་གཡང་།དུས་ཚོད།   2021-09-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རང་ཁུལ་གྱིས་མགྱོགས་མྱུར་དུ་གཟི་རྩ་ཆེན་མོའི་རིག་ལྗོངས་སྤུས་རྟགས་འཕེལ་རྒྱས་སུ་བཏང་བ།

        ●    ས་ཁྲའི་ངོས་ནས་གཟི་རྩ་སྡེ་དགུ་དང་གསེར་མཚོ་ནི་རྔ་བའི་བྱང་ཤར་རྒྱུད་དུ་ཆགས་ཡོད་ལ། རི་ཚོགས་སྟོང་གིས་མཐའ་ནས་བསྐོར་ཞིང་ཁ་དོག་སྣ་ལྔའི་མཚེའུ་ལྟ་ན་སྡུག འཛམ་གླིང་གི་ཤུལ་བཞག་དང་མི་ཡུལ་གྱི་དག་ཞིང་གི་སྣོད་བཅུད་ཕུན་སུམ་ཚོགས་པ་ཞིག་ཡིན།

        ●    གོ་ལ་ཧྲིལ་བོར་གཟི་རྩ་སྡེ་དགུ་གཅིག་ལས་མེད་ཀྱང་། གཟི་རྩ་སྡེ་དགུ་རུ་གཟི་རྩ་སྡེ་དགུ་ལས་གཞན་པ་མང་པོ་འདུག་ཅེས་པ་འདི་ཉེ་ཆར་དྲྭ་གྲོགས་དང་ལྗོངས་རྒྱུ་བ་ཚོས་མང་དུ་གླེང་བའི་སྐད་ཆ་ཞིག་རེད། རྔ་བ་རུ་རྫ་བ་མཚེའུ་དང་། མཛོད་དགེའི་མཚོ་ཁྱ་ཁེབ་སོགས་མང་དུ་གྲགས་པའི་མཛེས་ལྗོངས་དང་རང་བྱུང་གི་ལྟད་མོ་བགྲང་གིས་མི་ལང་ལ། འདི་ལྟ་བུ་ཀྲུང་གོ་དང་ཐ་ན་འཛམ་གླིང་ཡོངས་ལའང་ཤིན་ཏུ་དཀོན་ཁྲེ། དེ་བས། ལྗོངས་སྐོར་ཟོང་རྟགས་ཁོངས་ཡོངས་སུ་བསྐྲུན་པ་དང་། ཁུལ་ཡོངས་ཀྱི་གཉེར་འཚོང་འཐབ་ཇུས་གཅིག་གྱུར་ལག་བསྟར་ཡོང་ཕྱིར། འཛམ་གླིང་གི་ཤུལ་བཞག་སྟེ་གཟི་རྩ་སྡེ་དགུ་དང་གསེར་མཚོ་གཉིས་ལྟེ་བར་བཟུང་ནས། ཉེ་འཁོར་ས་ཁོངས་འདུ་བའི་གཟི་རྩ་ཆེན་མོའི་གོ་དོན་རྙེད་ཅིང་། རྔ་བའི་ལྟ་ན་སྡུག་པའི་མཛེས་ལྗོངས་མང་བོས་འཛམ་གླིང་གི་མིག་དབང་འཕྲོག་བཞིན་འདུག

        ●    སྲིད་གཞུང་གིས་སྐུལ་འདེད་དང་འཆར་འགོད་ཚད་མཐོན་པོ་བྱས་ཏེ། གཟི་རྩ་ཆེན་མོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཏིང་ནས་བསླངས།

        ●    སྟོན་ཁ་སླེབས་པས། སི་ཁྲོན་ནུབ་བྱང་གི་རྒྱུད་དུ་མཛེས་ཤིང་ཡིད་དུ་འོང་བའི་དུས་ཚིགས་སླེབས་པ་རེད། དམར་སེར་སྔོ་ལྗང་གི་ཁ་དོག་སྣ་ཚོགས་མཚེའུ་རུ་གསལ་ཞིང་། ལྷ་མཚོ་རུ་ལྗང་ནེམ་ནེམ་གྱི་རྩྭ་ཕྲན་བསིལ་རླུང་གིས་སྒུལ་བཞིན། ཧུང་ཡོན་སྐ་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་དམར་སེར་འདྲེས་མའི་སྤང་ཐང་ལྟ་ན་སྡུག ཏ་ཁོག་འཁྱགས་རོམ་གྱི་ཞོགས་པའི་ཉི་ཟེར་ཤེལ་དཀར་གྱི་གསེང་དུ་འཕྲོས།

        ●    བར་སྣང་ནས་ཐུར་དུ་བལྟས་ཚེ། འདི་ནི་མཚོ་དང་མཚེའུ། རྩྭ་ཐང་། འཁྱགས་རོམ་སོགས་དཀར་དམར་སེར་གསུམ་གྱི་རི་མོ་ཕན་ཚུན་བསྡེབས་པའི་མཛེས་ལྗོངས་ཤིག་ཡིན་པ་ལྷང་ངེར་མངོན།

        ●    2019ལོར་སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་ལྗོངས་དཔལ་འབྱོར་འཐབ་ཇུས་བཀོད་སྒྲིག་དམ་པོར་བཟུང་ནས། རིག་གནས་སྟོབས་ལྡན་ཞིང་ཆེན་དང་། ལྗོངས་སྐོར་སྟོབས་ལྡན་ཞིང་ཆེན། འཛམ་གླིང་གི་ལྗོངས་སྐོར་གནས་མཆོག་འཛུགས་སྐྲུན་གཞིར་བཟུང་ནས། སི་ཁྲོན་ཞིང་ཆེན་གྱི་ཆེན་པོ་དགུ་ཡི་རིག་གནས་ལྗོངས་སྐོར་ཟོང་རྟགས་འཛུགས་སྐྲུན་གྱི་ལས་ལ་འབད་པ་རེད། རང་ཁུལ་གྱིས་རང་མོས་ངང་ཞིང་ཨུའི་གཞུང་རྟ་གཅིག་ལ་ཡལ་ག་མང་པོའི་འཕེལ་རྒྱས་འཐབ་ཇུས་དང་ལྟེ་བ་གཅིག་དང་རྒྱུད་ལྔའི་སྤྱིའི་བཀོད་སྒྲིག་ལྟར། ལྗོངས་ཁུལ་གཅིག་འཛུགས་སྐྲུན་དང་། མཉམ་འདུས་བདུན་མངོན་འགྱུར། ཟོང་རྟགས་ཆེན་མོ་དགུ་གསལ་བོར་བཟོས་ཏེ། རྔ་བའི་ཁོངས་ཡོངས་ལྗོངས་སྐོར་མཐོར་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་ནས། དོམ་ཁྲའི་འཚོ་གཞིས་དང་དག་ཞིང་རྔ་ཁུལ་གྱི་མཚན་སྙན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བསྒྲགས་ཏེ། མགྱོགས་མྱུར་དུ་རྒྱལ་ཁབ་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་བསྐྲུན་པར་འབད།

        ●    གཟི་རྩ་ཆེན་མོའི་རིག་གནས་ལྗོངས་སྐོར་ཟོང་རྟགས་ནི་རྒྱལ་ཁབAAAAAརིམ་པའི་ལྗོངས་ཁུལ་དང་། འཛམ་གླིང་རང་བྱུང་ཤུལ་བཞག འཛམ་གླིང་སྐྱེ་དངོས་སྲུང་སྐྱོང་ཁུལ། གཟི་རྩ་སྡེ་དགུ་དང་གསེར་མཚོ། འཛམ་གླིང་གི་མཐོ་སྒང་གི་ན་འདམ་ཆེ་ཤོས། རྒྱལ་ཁབ་རིམ་པའི་མཐོ་འཁྱགས་བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཁུལ། ཀྲུང་གོའི་ཆེས་མཛེས་པའི་བརླན་ས། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་རྩྭ་ཐང་ཆེན་མོ་སོགས་ལྗོངས་ཁུལ་ཐོན་ཁུངས་གཙོ་བོ་གཞིར་བཟུང་ཞིང་། ཁྲོམ་རྗེ་ལུང་བའི་ལྗོངས་ཁུལ་དང་། ལྷ་མཚོའི་ལྗོངས་ཁུལ། རྫ་བ་མི་རིགས་སྐྱེ་ཁམས་ལྗོངས་སྐོར་ཚོད་ལྟ་ཁུལ། སྟག་སོའི་གྲོག་རོང་ཆེན་མོ། ཏ་ཁོག་འཁྱགས་རོམ། ཧུང་ཡོན་སྐ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་། མཛོད་དགེའི་བརླན་ས་སོགས་ཀྱི་ཟོང་རྟགས་ཐོན་ཁུངས་འདུས་ཡོད་ལ། ས་ཁམས་ཀྱི་ཁྱབ་ཁོངས་ནས་སི་ཁྲོན་གྱི་ཀྲུང་གོའི་ལྗོངས་སྐོར་སྟོབས་ལྡན་རྫོང་གཅིག་པུ་སྟེ་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ལྟེ་བར་བྱས་ནས། རྔ་བ་ཁུལ་ཟུང་ཆུ་རྫོང་དང་། མཛོད་དགེ་རྫོང་། ཧུང་ཡོན་རྫོང་། མེན་དབྱང་གྲོང་ཁྱེར་ཕིང་ཝུའུ་རྫོང་སོགས་ས་ཁོངས་མང་བོ་འདུས་ཡོད།

        ●    ནང་དོན་གསར་བ་སྔོག་འདོན་དང་ལས་གཞིར་སྐུལ་ཁྲིད་ཀྱིས་གཟི་རྩ་ཆེན་མོའི་མགྱོགས་མྱུར་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས།

        ●    རང་ཁུལ་གྱིས་གཟི་རྩ་སྡེ་དགུའི་“8·8”ས་འགུལ་གནོད་རྗེས་བསྐྱར་སྐྲུན་དང་ས་ཁོངས་རིག་གནས་ལྗོངས་སྐོར་ཐོན་ལས་རིགས་སྒྱུར་རིམ་སྤོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་ནས། “གཟི་རྩ་སྡེ་དགུ·གསེར་མཚོའི”རྒྱལ་སྤྱིའི་འདྲེན་ཤུགས་དང་ཟོང་རྟགས་ཀྱི་འགུག་ཤུགས་བེད་སྤྱད་དེ། གཟི་རྩ་སྡེ་དགུའི་ས་ཁོངས་ཀྱི་ཕུན་སུམ་ཚོགས་པའི་་རིག་ལྗོངས་ཐོན་ཁུངས་གཅིག་ཏུ་བསྒྲིལ་ཏེ། ཁོངས་ཡོངས་སུ་རིག་ལྗོངས་ཐོན་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ཡོད། ད་ལྟ་ཟོང་རྟགས་ཀྱིས་སྣེ་ཁྲིད་པའི་ཁོངས་ཡོངས་ལྗོངས་སྐོར་འཕེལ་རྒྱས་ཀྱི་ལམ་བུ་ཁོད་ཡངས་ཤིང་རྒྱ་ཆེའོ།།

        ●    ཁུལ་ལྗོངས་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད་རྒྱུར། ལྗོངས་སྐོར་ནི་རྔ་བའི་ཁྱད་དུ་འཕགས་པའི་མཛེས་སྡུག་ངོམས་ཕྱིར་ཁོ་ན་མིན་པར། ཐོན་ལས་དང་བོ་དང་གཉིས་པ་གསུམ་པ་ཕན་ཚུན་སྦྲེལ་བའི་སྦྲེལ་ཐག་གཙོ་བོ་ཡིན་ཞེས་བཤད། ལྟེ་བའི་ཟོང་རྟགས་འབུར་དུ་ཐོན་པ་དང་། ལྷུ་ལག་ཐོན་རྫས་ཁྱད་ཆོས་ལྡན་པ། ཐོན་ལས་སྦྲེལ་ཐག་འཐུས་ཚང་བའི་སྤུས་ཚད་མཐོན་པོའི་རིག་ལྗོངས་ཐོན་རྫས་འདུས་ཁུལ་བསྐྲུན་པར། རང་ཁུལ་གྱིས་གཟི་རྩའི་ལམ་ཐིག་ལྟེ་བར་བྱས་ནས་ལྷུ་ལག་སྒྲིག་ཆས་རྒྱལ་སྤྱིའི་ཆུ་ཚད་དུ་རིམ་སྤོར་བྱས་ཤིང་། གཟི་རྩ་ཆེན་མོའི་རིག་ལྗོངས་ཟོང་རྟགས་མནའ་མཐུན་བསྒྲིགས་ཏེ། གཟི་རྩ་ཆེན་མོའི་ཁོངས་ཡོངས་ལྗོངས་སྐོར་གཅིག་གྱུར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་གྲུབ་ནས། གནོད་རྗེས་ཀྱི་གཟི་རྩ་ཆེན་མོའི་ས་ཁོངས་རིག་གནས་ལྗོངས་སྐོར་ཐོན་ལས་དེ་སྲོལ་རྒྱུན་གྱི་ལྟད་མོ་ནས་སྤྲོ་འཆམ་སྣ་མང་འཕེལ་རྒྱས་ཀྱི་ཕྱོགས་ལ་རིགས་སྒྱུར་རིམ་སྤོར་བཏང་ཡོད།

        ●    ད་ལྟའི་གཟི་རྩ་ཆེན་མོའི་ལམ་ཐིག་ལྗོངས་སྐོར་ནི་ལྟད་མོ་ལྟ་བ་དང་། འདྲ་པར་བསྐྱོན་པ། ཟས་ཐུན་གཅིག་ཟ་བ་ཙམ་ཁོ་ན་མ་ཡིན་པར། རི་ཁུལ་ནས་མཚེའུ་འགྲམ་དུ་ཐོན་པ། གྲོང་ཁྱེར་ནས་ཞིང་གྲོང་དུ་ཐོན་པ། ལྟད་མོའི་ལྗོངས་སྐོར་ནས་སྤྲོ་འཆམ་ལྗོངས་སྐོར། ཞག་གཅིག་སྡོད་པ་ནས་བདུན་གཅིག་གི་སྤྲོ་འཆམ་སོགས་ཉམས་ལེན་ཟབ་མོར་འཕར་ཡོད་ལ། ད་ལྟའི་གཟི་རྩ་ཆེན་མོའི་རིག་ལྗོངས་ཟོང་རྟགས་ཀྱིས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་། གཏིང་ཟབ་པའི་མི་ཆོས་རིག་གནས། ཕུལ་དུ་བྱུང་བའི་ས་ཁོངས་ཀྱི་མཐུན་རྐྱེན། ཁྲོམ་རའི་མདུན་ལམ་ཡངས་པོ་སོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་དགའ་འོས་པ་བྱུང་ཡོད།

རྩོམ་སྒྲིག་པ། ཚེ་པེ།