ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་ལྔ་བས་སྐོར་བཅུ་གཉིས་པར་རང་ཁུལ་ལ་མང་ཚོགས་ཀྱིས་བསྐུར་བའི་ཞུ་གཏུག་འཕྲིན་2སྤྲད་ཡོད།

རྩོམ་པ་པོ།   དུས་ཚོད།   2021-09-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་9ཚེས་7ཉིན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་ལྔ་བས་སྐོར་བཅུ་གཉིས་པར་རང་ཁུལ་ལ་མང་ཚོགས་ཀྱིས་བསྐུར་བའི་ཞུ་གཏུག་འཕྲིན་2སྤྲད་ཡོད། དེ་གཉིས་ནི་སྦགས་བཙོག་རིགས་ཀྱི་གནད་དོན་ཞིག་ཡིན་ལ།ཝུན་ཁྲོན་དང་མའོ་རྫོང་དང་འབྲེལ་བ་ཡོད་པས་བླང་བྱ་ལྟར་ཝུན་ཁྲོན་རྫོང་གི་མི་དམངས་སྲིད་གཞུང་ལ་བསྒྲུབ་རྒྱུར་སྤྲད་ཡོད།

      སྡོམ་རྩིས་ལྟར་ན། སྔོན་གྱི་སྐོར་བཅུ་གཉིས་པར་རང་ཁུལ་ལ་ཁྱོན་ཞུ་གཏུག་འཕྲིན་12སྤྲད་པ་ལས། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྣ་ཚོགས་12དང་འབྲེལ་བ་ཡོད། དེའི་ནང་ཆུའི་སྦགས་བཙོག་ལ་འབྲེལ་བའི་འཕྲིན་3དང་། མཁའ་དབུགས་སྦགས་བཙོག་ལ་འབྲེལ་བའི་འཕྲིན་2། སྐྱེ་ཁམས་སྦགས་བཙོག་ལ་འབྲེལ་བའི་འཕྲིན་2། འུར་སྒྲ་ཆེ་བའི་འཕྲིན་2། སྦགས་བཙོག་གཞན་དག་གི་འཕྲིན་3བཅས་ཚུད་ཡོད། མིག་སྔའི་བར་དུ། རང་ཁུལ་གྱིས་དང་ལེན་བྱས་པའི་ཡིག་བསྐུར་ངོ་གཏུག་ནང་གཙོ་གནད་ཐོག་དོ་ཁུར་བྱེད་པའི་ཡིག་ཆ(སྐར་མ་སྣོན་མ)3ཡོད།

རྩོམ་སྒྲིག་པ། གཡུ་འཛོམས།