ལི་ཝེ་གོ་ཡིས་སྣེ་ཁྲིད་དེ་མའོ་རྫོང་དུ་ལྟ་སྐུལ་མཛུབ་སྟོན་དང་བརྟག་ཞིབ་མཛད།

རྩོམ་པ་པོ།   དུས་ཚོད།   2021-09-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་ནས་ཚེས་3ཉིན་བར། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ་ཡིས་སྣེ་ཁྲིད་དེ་མའོ་རྫོང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བཅོས་སྒྲིག་དང་།རིམས་འགོག་ཚོད་འཛིན།བདེ་འཇགས་ཐོན་སྐྱེད།ས་གཤིས་གནོད་འཚེ་འགོག་བཅོས།རྫོང་དང་ཡུལ་ཚོའི་དམངས་འཐུས་སྐབས་བརྗེའི་འདེམས་བསྐོ་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་ལྟ་སྐུལ་མཛུབ་སྟོན་དང་བརྟག་ཞིབ་མཛད།