རྒྱ་གར་གྱི་བྱ་སྤྱོད་འདིར་ཀྲུང་གོའི་ཆེད་མཁས་པ་གད་མོ་ཤོར།

རྩོམ་པ་པོ།   དུས་ཚོད།   2021-09-08   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

      ཉེ་ཆར། རྒྱ་གར་གྱིས་ཐེངས་དང་པོར་ལྷོ་རྒྱ་མཚོ་ཆེན་མོར་སྒྲའི་མགྱོགས་ཚད་ལས་བརྒལ་བའི་སྐོར་སྐྱོད་འཕུར་མདའ་“བྷི་ལ་མོ་སི་”ཚོད་ལྟའི་འཕེན་གཏོང་བྱས་ཡོད། ཆེད་མཁས་པས་བསྟན་དོན། རྒྱ་གར་རང་གིས་ཞིབ་བཟོ་བྱས་པའི་སྟོན་རིན་ཡོད་པའི་མཚོན་ཆ་ཤིན་ཏུ་ཉུང་། ཕ་རོལ་པོར་གཟིགས་སྒྲིབ་གནམ་གྲུ་དང་མཁའ་སྐྱོད་མ་གྲུ་སོགས་ཅི་ཞིག་ཡོད་ཀྱང་། རྒྱ་གར་ལ་“བྷི་ལ་མོ་སི་”ཁོ་ན་ལས་མེད། ཁོ་ཚོས་ཐ་ན་རྒྱ་མཚོའི་དམག་འཐབ་ཐད་བཀོལ་བའི་“བྷི་ལ་མོ་སི་”མཐའ་མཚམས་སུ་དབོར་ནས་བེད་སྤྱོད་བྱེད་བསམ་གྱི་འདུག་པས་དངོས་གནས་དགོད་བྲོ་བ་ཞིག་རེད།

རྩོམ་སྒྲིག་པ། གཡུ་འཛོམས།