རྔ་བ་ཁུལ་དུ་སྲོག་ཆགས་རྩ་ཆེ་རིགས142ལ་སླེབས་པ།

རྩོམ་པ་པོ།   དུས་ཚོད།   2021-08-30   རྩོམ་ཁུངས།    རྔ་བའི་རྒྱང་སྒྲོག་ཁང་།

མཛོད་དགེ་རྫོང་ཁོངས་ནས་བླངས་པའི་སྦྲེ།

ཧུང་ཡོན་རྫོང་ཁོངས་ནས་བླངས་པའི་ཁྲུང་ཁྲུང་སྐེ་ནག

ཧུང་ཡོན་རྫོང་ཁོངས་ནས་བླངས་པའི་གཙོད།

ཧུང་ཡོན་རྫོང་ཁོངས་ནས་བླངས་པ།

ཧུང་ཡོན་རྫོང་ཁོངས་ནས་བླངས་པའི་གླག

ཧུང་ཡོན་རྫོང་ཁོངས་ནས་བླངས་པའི་ཤྭ་བ།

མཛོད་དགེ་རྫོང་ཁོངས་ནས་བླངས་པའི་སྤྱང་ཚོགས།

མཛོད་དགེ་རྫོང་ཁོངས་ནས་བླངས་པའི་འུག་པ།

མཛོད་དགེ་རྫོང་ཁོངས་ནས་བླངས་པའི་ངང་སེར།

        འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཏེ་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པ་ཡན་གྱི་སྲུང་སྐྱོང་སྲོག་ཆགས་རིགས་འཕར་ནས་ད་ལྟ་རིགས142སུ་སླེབས་ཡོད།

       2020ལོ་ནས་བཟུང་རྔ་བ་ཁུལ་མཛོད་དགེ་རྫོང་དུ་རང་རྒྱལ་གྱི་སྔོན་ཆད་མཐོང་དཀོན་ཞིང་སྟོངས་ཉེན་ཆེ་བའི་ཆུ་བྱའི་རིགས་ཤིག་རྙེད་པ་དང་། འབར་ཁམས་དང་ཆུ་ཆེན་རྫོང་ནས་ཀྱང་བྱ་དེ་རིགས་གསར་བ་ཞིག་རྙེད་པ་རེད། ཉེ་བའི་ལོ་ཤས་རིང་གི་བརྟག་དཔྱད་ཁྲོད་ཀྲུང་ཧྭའི་གཙོད་རིགས་དང་། ཨོག་དཀར་སོགས་ཀྱང་ཟུང་ཆུ་རྫོང་དུ་རྙེད་པ་དང་། ཤྭ་བ་དང་མཇུག་དཀར་མཚོ་གླག་སོགས་ཧུང་ཡོན་རྫོང་ནས་རྙེད་པ་རེད།

        རྔ་བ་ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁོའོ་ཡི་ཁོའོ་ཀྲང་ཀུང་ཀྲི་ཆིང་གིས་བཤད་རྒྱུར། གསར་དུ་བསྣན་པའི་རྒྱལ་ཁབ་རིམ་པ་གཉིས་པ་ཡན་གྱི་སྲུང་སྐྱོང་སྲོག་ཆགས་རིགས་ལས་རིགས38ལ“རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་མིང་བྱང”བཞིན་སྲུང་སྐྱོང་རིམ་པ་ཇེ་མཐོར་བཏང་ཡོད་པ་དང་། དེའི་ཁྲོད་སྲོག་ཆགས་རིགས28ནི་རྔ་བ་ཁུལ་ནས་གསར་དུ་རྙེད་པའི་སྲོག་ཆགས་རིགས་ཡིན། སྲོག་ཆགས་རིགས་གསར་དུ་རྙེད་པ་དེས་ས་གནས་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་ཐད་ཤུགས་བསྣན་པ་དང་། མང་ཚོགས་ཀྱི་སྲུང་སྐྱོང་འདུ་ཤེས་གཏིང་ཇེ་ཟབ་དུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ། སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་རྒྱ་ཇེ་ཆེར་ཕྱིན་པ་བཅས་མཚོན་ཡོད།

       2020ལོའི་ཟླ7པར། མཛོད་དགེ་རྫོང་གིས་སྤྱང་ཀིའི་སྐྱེ་ཁམས་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་ས་ཚིགས་ཐོག་མ་བཙུགས་པ་དང་། 2021ལོའི་ཟླ6པར་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་ཁང་གི་ལས་དོན་མི་སྣ་ལྟ་ཞིབ་ཚད་ལེན་དུ་ཡོང་དུས་ཞིབ་འཇུག་མི་སྣས་སྤྱང་ཚང5རྙེད་པ་དང་། སྤྱང་ཀི་ནི་རྩྭ་ཐང་སྐྱེ་ཁམས་ཀྱི“རང་བྱུང་སྙོམ་སྒྲིག་འཕྲུལ་ཆས”ལྟ་བུ་ཡིན། ལོ20སྔོན་དུ་ས་གནས་དེར་སྤྱང་ཀི་ཤིན་ཏུ་མཐོང་དཀོན་ཡང་མིག་སྔར་སྤྱང་ཀིའི་གྲངས་འབོར200ལས་བརྒལ་ཡོད་པ་རེད།