ཟླ་དྲུག་པའི་ཆང་།

རྩོམ་པ་པོ།   ཀེར།དུས་ཚོད།   2021-08-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཁོ་ཆང་གི་བཟི་བཞིན་འདུག་ཟེར།

སེམས་ཀྱི་སྡུག་བསྔལ་དང་།

སེམས་གནོན་པའི་སྐད་ཆ་དག་བརྗེད་ཕྱིར།

ཁོས་ཆང་འཐུང་གིན་འདུག་ཟེར།

རྒྱང་རིང་དང་། འདས་ཟིན་པའི་ལོ་ཟླ།

མཛེས་སྤྲས་བྱས་པའི་མི་མོ་དག་གིས་སྦྱིན་པའི་སྡུག་བསྔལ་གྱི་ཆེད་དུ།

ཁོས་ཆང་འཐུང་གིན་འདུག་ཟེར།

ཆང་མཐུང་བ་ནི།

མི་ཡུལ་གྱི་འཚོ་ཆས་འགའ་ངོ་སྤྲོད་བྱེད་པའི་ལག་ཆ་ཡིན་ཏེ།

དེ་བས་ཀྱང་ཟླ་དྲུག་པའི་ཆང་ནི།

གཞི་ནས་ཁོའི་ཕམ་ཁ་ངོ་སྤྲོད་བྱེད་ཡིན།

ཁོས་ཆང་འཐུང་ཐེངས་རེར།

སྡུག་བསྔལ་འགའི་ཁོའི་སེམས་ལ་ན་ཟུག་སློང་གིན་ཡོད།

བློ་སྙིང་བྲང་གསུམ་གྲང་གིན་འདུག

མེ་ལོང་ནང་གི་སྟོན་ཟླ་ལ།

འོད་དུ་འབར་ལ་མི་འབར་བའི།

གསེར་གྱི་ཐ་སྙད་དག

རེ་རེ་ནས་ངའི་མིག་ནང་ནས།

ཟླ་དྲུག་པར་ཆང་འཐུང་བའི་འ་དེ་རེད།