ལུའོ་ཝུན་གྱིས་རྔ་ཁུལ་དུ་རྟོག་ཞིབ་སྐབས་སུ་ནན་གྱིས་བསྟན་དོན།

རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་བསྒྱུར་བཅོས་བཏང་སྟེ་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་ཏུ་བསྐྲུན་དགོས།

རྩོམ་པ་པོ།   དུས་ཚོད།   2021-08-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་8ཚེས་20ཉིན། ཞིང་ཨུའི་རྒྱུན་ཨུ་དང་ཞིང་དཔོན་གཞོན་པ་ལུའོ་ཝུན་རྔ་བ་ཁུལ་དུ་ཐོན་ནས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་བསྒྱུར་བཅོས་ལས་དོན་ལ་རྟོག་ཞིབ་ཞིབ་བཤེར་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་དང་། རྨ་ཆུ་བཅོས་སྐྱོང་ལ། སྲུང་སྐྱོང་གཙོ་ལ་བཅོས་སྐྱོང་གཙོ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་བསྒྱུར་བཅོས་ལས་དོན་དམ་པོར་བཟུང་ནས། མགྱོགས་མྱུར་ཏུ་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།
       ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭས་ཕེབས་རོགས་བྱས།
     ལུའོ་ཝུན་འཁོར་དང་བཅས་པ་སྔ་རྗེས་སུ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དང་། ཨ་སྐྱིད་གྲོང་རྡལ། མཛོད་དགེའི་རྒྱལ་སྤྱིའི་བརླན་ས་བཅས་སུ་ཐོན་ནས་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱིས་མཛོད་དགེའི་རྫོང་མཁར་གྱི་བཙོག་ཆུ་ཐད་གཏོང་གི་གནས་ཚུལ་དང་། ཨ་སྐྱིད་གཏེར་སྙིགས་གཙང་སེལ། གཏེར་མཛོད་བཅོས་སྐྱོང་གི་འབུར་ཐོན་གནད་དོན་བསྒྱུར་བཅོས་གནས་ཚུལ་དང་མཛོད་དགེའི་བརླན་སའི་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་སྙན་ཞུར་ཉན་ཞིང་། ཡུལ་དངོས་ནས་བསྒྱུར་བཅོས་ཐབས་ལམ་ལག་བསྟར་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བགྱིས།
      ལུའོ་ཝུན་གྱིས་ནན་གྱིས་བསྟན་དོན། རྔ་བ་ཁུལ་ནི་རྨ་ཆུ་དང་འབྲི་ཆུའི་གཉིས་ཀྱི་སྟོད་རྒྱུད་ཀྱི་ཆུ་མགོ་གཙོ་བོ་དང་རྒྱལ་ཁབ་ཀྱིས་ཐག་བཅད་པའི་གཙོ་གནད་སྐྱེ་ཁམས་ཁུལ་ཡིན། རི་ཆུ་ནགས་གསུམ་རིན་ཆེན་གསེར་ལས་ལྷག་པའི་འདུ་ཤེས་སྲ་བརྟན་དང་ལག་ཏུ་བསྟར་ནས། སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ཁར་བསྐྱོད་དགོས། འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ནས་བསྒྱུར་བཅོས་ཀྱི་བླང་བྱ་གཞིར་བཟུང་སྟེ། ལས་གཞི་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་ཐབས་ལམ་ལག་བསྟར་བྱས་ནས། གནད་དོན་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་བཙོག་ཆུ་གཙང་སེལ་དང་། གཏེར་སྙིགས་སིམ་འཛུལ་སོགས་ཀྱི་གནད་དོན་ལ་མུ་མཐུད་དུ་བསྒྱུར་བཅོས་གཏིང་ཟབ་བྱས་ཤིང་། མགྱོགས་མྱུར་ཏུ་ཁོར་སྲུང་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་གཏོང་དགོས། ཚད་གཞི་མཐོན་པོའི་སྒོ་ནས་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་། སྐྱེ་ཁམས་སྲུང་སྐྱོང་གཙིགས་སུ་བཟུང་ནས། སྐྱེ་ཁམས་དང་། རིག་གནས། ལྗོངས་སྐོར་མཉམ་འདུས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྨ་ཆུ་དེ་མི་དམངས་ཀྱི་བདེ་སྡུག་ཁུར་བའི་གཙང་བོ་རུ་བསྒྱུར་དགོས།
      ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུའི་ཀྲུའུ་རེན་གཞོན་པ་ཐའོ་ཅན་ཧྥེང་དང་། སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཡུའེ་ཏུང་། ཁུལ་དཔོན་གཞོན་པ་ཧྥེང་ཡུས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཛོད་དགེ་རྫོང་ཨུའི་ཧྲུའུ་ཅི་ཚེ་བརྟན། ཁུལ་སྲིད་གཞུང་གི་དྲུང་ཆེན་ཡུས་ཀོང་ཡ་བཅས་རྟོག་ཞིབ་ཏུ་ཞུགས་སོ།།

རྩོམ་སྒྲིག་པ།  ཚེ་པེ།