འབར་ཁམས་གྲོང་ཁྱེར་གྱིས“དམངས་ཕན་ཅན”ལ་བརྟེན་ ནས་སྡེ་ཁུལ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།   དུས་ཚོད།   2021-08-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ད་ལོ་ནས་བཟུང་འབར་ཁམས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཞབས་ཞུའི་མ་ལག་བསྐྲུན་པ་དང་། འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ། ཁང་གླའི་དོ་དམ་བྱེད་པ་བཅས་འཇུག་སྒོ་བྱས་ནས“དམངས་ཕན་ཅན”གྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ཏེ་ཁོར་ཡུག་བཅོས་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ཆུ་ཚད་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

       “ཕྱོགས་ཡོངས”ཀྱི་ཞབས་ཞུའི་མ་ལག་བཙུགས་པ། “གཏན་འཇགས་འགན་ལེན་དང་ཉེན་ཁ་སྔོན་འགོག”བྱ་རྒྱུ་དམིགས་འབེན་དུ་བཟུང་ནས་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་གཙོ་གནད་དང་ཁུལ (རིམ་གསུམ་སྲིད་གཞུང་གནས་སའི་གྲོང་ཁུལ་གཙོ་བོ)ལ་དམ་པོར་དམིགས་ནས“2+1+N”དྲ་བ་ཅན་དང་ལས་ཕྱོད་ཆེ་བའི་ཉེན་དོན་དོ་དམ་བྱེད་སྟངས་ཁྱབ་གདལ་དུ་བཏང་ཡོད།

“སྣེ་མང་ཅན”གྱི་འགལ་བ་དང་རྩོད་གཞི་ཐག་བཅད་པ། “བདེ་འཇགས། ཞབས་ཞུ། འགལ་བ་མི་ཡོང་བ”བཅས་ཀྱི་རྩ་དོན་ལ་རྒྱུན་འཁྱོངས་བྱས་ཏེ“འདུམ་འགྲིག་ཁང”བཙུགས་ནས་མང་ཚོགས་ཀྱི་བསམ་ཚུལ་ཉན་པ་དང་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱས་ཡོད།

       “མགྲོན་ཁང་གི་རྣམ་པས”ཁང་གླ་བྱེད་པར་དོ་དམ་བྱས་པ། “སྡོད་ཁང་ལ་བརྟེན་ནས་མིར་དོ་དམ་བྱེད་པ་དང་ལས་རིགས་ལ་བརྟེན་ནས་མིར་དོ་དམ་བྱེད་པ”མངོན་གསལ་དོད་པོ་བྱས་ནས“འབར་ཁམས་གྲོང་ཁྱེར་གྱི་མགྲོན་ཁང་རྣམ་པའི་དོ་དམ་མ་ལག”ཞིབ་འཇུག་དང་བེད་སྤྱོད་བྱས་ཡོད།


རྩོམ་སྒྲིག་པ།  ཚེ་པེ།