ནམ་ཀུན་ཁྱེད་ཀྱིས་ལག་པ་གཙང་མ་བཀྲུས་འདུག་གམ།

རྩོམ་པ་པོ།   དུས་ཚོད།   2021-08-02   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

      བཙོག་གཅིན་བཏང་རྗེས་དང་། ཁྱིམ་དུ་ལོག་རྗེས། གད་སྙིགས་དང་སྲོག་ཆགས་སོགས་ལ་ལག་པ་རེག་རྗེས་ངེས་པར་དུ་ཀ་ལའི་ཆུའམ་ཡང་ན་རྒྱུག་ཆུས་ལག་པ་བཀྲུ་དགོས་ལ། དག་རྫས་སམ་ཡང་ན་ལག་འཁྲུད་གཤེར་ཁུ་སྤྱོད་དགོས་ཤིང་། དུས་ཚོད་སྐར་ཆ་15ཡན་བཀྲུ་དགོས།

ལག་པ་གཙང་མ་བཀྲུ་སྟངས་གཤམ་གསལ་ཏེ།

1 ལག་མཐིལ་སྦྱར་ནས་ཕན་ཚུན་འཕུར་རེས་བྱས་ཏེ་བཀྲུ་བ་དང་།

2ལག་མཐིལ་དང་ལག་རྒྱབ་སྦྱར་ནས་འཕུར་རེས་བྱས་ཏེ་ལག་རྒྱབ་གཙང་མ་བཀྲུ་བ།

3 ལག་མཐིལ་སྦྱར་ནས་ལག་གཉིས་ཀྱི་མཛུབ་མོ་ཕན་ཚུན་འཕུར་རེས་བྱས་ཏེ་མཛུབ་སྲུབས་གཙང་མ་བཀྲུ་བ།

4 ལག་གཅིག་གི་མཛུབ་མོའི་ཚིགས་གུག་ནས་ལག་གཞན་དེའི་ལག་མཐིལ་ལ་འཕུར་ཏེ། ཕན་ཚུན་བརྗེ་རེས་ཀྱིས་མཛུབ་རྒྱབ་གཙང་མ་བཀྲུ་བ།

5 ལག་གཅིག་གིས་ལག་གཞན་དེའི་མཐེ་བོང་ཟིན་ནས་འཕུར་འཕུར་བཏང་སྟེ། ཕན་ཚུན་བརྗེ་རེས་ཀྱིས། མཐེ་བོང་གཙང་མ་བཀྲུ་བ།

6 ལག་གཅིག་གི་མཛུབ་མོ་ལག་གཞན་དེས་བཟུང་ནས་འཕུར་འཕུར་བཏང་སྟེ། མཛུབ་རྩེ་གཙང་མ་བཀྲུ་བ།

7ལག་གཅིག་གིས་ལག་གཞན་འདིའི་ལག་ཡུར་འཕུར་འཕུར་བཏང་སྟེ། ཕན་ཚུན་བརྗེ་རེས་ཀྱིས་ལག་ཡུ་གཙང་མ་བཀྲུ་བ་བཅས་རེད།

རྩོམ་སྒྲིག་པ། གཡུ་འཛོམས།