མཛོད་དགེ་རྫོང་གི་རིམས་འགོག་སྨན་ཁབ་རྒྱག་ཚད་ཡུལ་གྲོང་ཡོངས་སུ་ཁྱབ།

རྩོམ་པ་པོ།   དུས་ཚོད།   2021-07-28   རྩོམ་ཁུངས།    མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།


         རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་དང་།  མང་ཚོགས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་གཏོང་ཆེད། མཛོད་དགེ་རྫོང་གིས་རྫོང་ཡོངས་ཀྱི་ཡུལ་གྲོང་ཁག་ཏུ་སྨན་ཁབ་རྒྱག་ཚད་ཡོངས་སུ་ཁྱབ་པར་བྱས་ཏེ། སྨན་ཁབ་རྒྱག་ཐུབ་པར་འགན་ལེན་དང་། རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་བྱས།

         རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་བ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྟབས་བདེ་བསྐྲུན་ཆེད། མཛོད་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ཡུལ་ཚོའི་འཕྲོད་བསྟེན་ཁང་དང་མཉམ་དུ་སྔ་རྗེས་སུ་སྐོར་སྐྱོད་སྨན་ཁབ་རྒྱག་ཡུལ་30བཙུགས་ཤིང་། སྨན་ཁབ་རྒྱག་པའི་གནས་ཚུལ་གང་ལེགས་བྱུང་། ཟླ་7པའི་ཚེས་26ཉིན་གྱི་བར། རྫོང་ཡོངས་སུ་རིམས་འགོག་སྨན་ཁབ་ཁྱོན་བསྡོམས་མི་67700ལ་བརྒྱབ། དེ་ལས་འགོག་ཁབ་དང་བོ་43390བརྒྱབ་ཅིང་། འགོག་ཁབ་རྒྱག་ཚད་བརྒྱ་ཆ་89ཟིན་པ་དང་། འགོག་ཁབ་གཉིས་པ་2430བརྒྱབ་ཅིང་། འགོག་ཁབ་རྒྱག་ཚད་བརྒྱ་ཆ་55ལ་བསླེབས།

རྩོམ་སྒྲིག་པ།  ཚེ་པེ།