རྔ་བ་རྫོང་གིས་སྨན་བཅོས་འགན་ལེན་གྱི་ཁྱབ་རྒྱ་ཆེ་རུ་བཏང་།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2021-07-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      སྨན་བཅོས་འགན་ལེན་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། དེར་འགན་ལེན་ཡོད་པ། རིམ་པ་མང་བ། རྒྱུན་མཐུད་ཐུབ་པ་བཅས་དང་འགན་བཅོལ་ལྔ་ཡི་གཞི་རྩའི་བླང་བྱ་ལྟར། ད་ལོ་ནས་བཟུང་རྔ་བ་རྫོང་གིས་བྱ་ཐབས་སྤྱད་དེ་སྨན་བཅོས་འགན་བཅོལ་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་བཏང་།

      རྒྱུས་ལོན་པ་ལྟར་ན། རྔ་བ་རྫོང་གིས་གཞི་རྩའི་སྨན་བཅོས་དང་ནད་ཚབས་ཆེན་གྱི་ཁ་གསབ་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་འགན་བཅོལ་ལ་ཞུགས་པའི་གྲོང་རྡལ་དང་གྲོང་གསེབ་ཀྱི་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྣ་ཚང་མ་ནད་ཚབས་ཆེན་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་སུ་བཅུག མིག་སྔའི་བར། རྫོང་དེར་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་7065ཡོད་པ་ལས་མི་7476གྲོང་དང་གྲོང་རྡལ་གྱི་ལས་བཟོ་བ་ཡིན་པ་དང་། མི་62589ཞིང་གྲོང་གི་མང་ཚོགས་ཡིན།

རྩོམ་སྒྲིག་པ། གཡུ་འཛོམས།