ཁུལ་སྲིད་གཞུང་གིས་ཆེད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས།

རྩོམ་པ་པོ།   བློ་བདག་གིས་བསྒྱུར།དུས་ཚོད།   2021-07-23   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་7ཚེས་15ཉིན། ཁུལ་མི་དམངས་སྲིད་གཞུང་གིས་སྐབས་བཅུ་གཉིས་པའི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་47པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ལས་ཚབ་ཁུལ་དཔོན་ལུའོ་ཀྲེན་ཧྭ་ཡིས་ཚོགས་འདུའི་གཙོ་འགན་བཞེས་ཏེ་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ།རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཅི་ཡུའེ་དང་། ཁུལ་དཔོན་གཞོན་པ་འཇམ་དཔལ། ཞུས་ཀུའེ་ཆང་། སུའུ་ཅུན། ཕུང་ཡུས། ཁུལ་སྲིད་གཞུང་གི་དྲུང་ཆེན་ཡུས་ཀོང་ཡ་བཅས་ཚོགས་འདུར་ཞུགས།

      ཚོགས་འདུའི་ཐོག ཁུལ་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལ་དམིགས་ནས་ཆེད་དོན་སྤེལ་རེས་དང་བགྲོ་གླེང་བྱས་པ་དང་། སློབ་སྦྱོང་དང་བསམ་བློ་གཏོང་ཡུལ། ལས་དོན། འཚོ་བ། སྤྱོད་ཚུལ་བཅས་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གཏིང་ཟབ་དང་གོམ་སྟབས་རྗེས་མའི་ལས་དོན་གྱི་བསམ་ཚུལ་ལྷུག་པོར་གླེང་ནས་གཏིང་ཟབ་པའི་སློབ་སྦྱོང་དང་ལས་དོན་ལེགས་པོ་བསྒྲུབ་པར་འགན་ལེན་བྱས།

      ལུའོ་ཀྲེན་ཧྭ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”ཉིན་གྱི་གསུང་བཤད་གལ་ཆེན་དེ་མིག་རྒྱང་རིང་བ་དང་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་ལྡན་ལ། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་བར་ཏང་གིས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་སྤྱི་སྡོམ་བྱས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

      ཁུལ་སྲིད་གཞུང་གི་དྲུང་ཆེན་གཞོན་པ། ཁུལ་སྲིད་གཞུང་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་སྲིད་གཞུང་གཞུང་ལས་ཁང་གི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་བཅས་ཚོགས་འདུར་ཟུར་ཞུགས་བྱས།

རྩོམ་སྒྲིག་པ།  ཚེ་པེ།