ནན་ཅིང་གནམ་ཐང་ཞིག་ཏུ་ཏོག་གསར་ནད་དཔེ་9ཞིབ་བཤེར་བྱས།

རྩོམ་པ་པོ།   དུས་ཚོད།   2021-07-22   རྩོམ་ཁུངས།    མི་དམངས་དྲ་བ།

        ནན་ཅིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་20ཉིན་གྱི་སྔ་དྲོར་ཅང་སུའུ་ནན་ཅིང་ཅང་ཉིང་ཆུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ལ་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་ཐང་གི་རིམས་འགོག་ཆེད་ཚན་གྱི་སྙན་ཞུ་འབྱོར། ལུའུ་ཁོའུ་རྒྱལ་སྤྱིའི་གནམ་ཐང་གི་ལས་དོན་མི་སྣས་དུས་བཀག་ལྟར་ཞིབ་དཔྱད་ཚད་ལེན་བྱས་པའི་ཉིང་སྐྱུར་གྱི་མ་དཔེའི་ནང་ཞིབ་དཔྱད་ཚད་ལེན་བྱས་འབྲས་གདགས་གཤིས་ཡོད་ཅིང་། འབྲེལ་ཡོད་ལས་དོན་མི་སྣ་གཙོ་བོ་ནི་གནམ་ཐང་གི་དུས་གཏན་གནམ་གྲུའི་འགན་སྲུང་ནང་ཞུགས་མཁན་ཡིན་ཏེ། དེའི་ནང་ཞབས་ཞུ་ལས་རིགས་དང་། གཙང་སྦྲ་གཉེར་མཁན་སོགས་ཀྱི་ལས་གནས་ཐོག་གི་མི་སྣ་ཚུད་ཡོད། སྙན་སེང་འབྱོར་རྗེས་ནན་ཅིང་གྲོང་ཁྱེར་གྱིས་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནམ་ཐང་གི་འབྲེལ་ཡོད་མི་སྣར་གཅིག་སྡུད་ངང་ལོགས་སུ་བཀར་བ་དང་འབྲེལ་བསྐྱར་དུ་ཞིབ་དཔྱད་ཚད་ལེན་བྱས་པ་རེད། ཚེས་20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པའི་བར་བརྟག་དཔྱད་བྱས་འབྲས་ནང་གདགས་གཤིས་ཡིན་པ་9ཡོད་ཅིང་མ་དཔེ་གཞན་དག་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།
        རང་ཉིད་ཀྱི་བདེ་ཐང་བདེ་འཇགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱོན་ཡོངས་ཆེད་རྒྱ་ཆེའི་གྲོང་མིས་རྒྱབ་སྐྱོར་གཞོགས་འདེགས་དང་དོ་དམ་ཚོད་འཛིན་ནན་པོ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མི་སྒེར་གྱི་འགོག་སྲུང་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། ཚ་བ་རྒྱས་པ་དང་སྐམ་ལུ་རྒྱག་པ། ཤུགས་ཉམས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་ལམ་སེང་ཐག་ཉེ་སའི་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས་པ་མ་ཟད། རང་འགུལ་ངང་ཉིན་14རིང་གི་བྱེད་སྒོའི་རྗེས་ཤུལ་དང་འབྲེལ་གཏུག་སྐོར་ཤེས་སུ་འཇུག་དགོས། སྨན་པ་བསྟེན་པའི་ལམ་བར་དུ་ཁ་རས་བརྒྱབ་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་མི་སྡོད་པར་བྱེད་དགོས། ཉིན་དེ་རིང་ནས་བཟུང་ནན་ཅིང་ལུའུ་ཁོའུ་གནམ་ཐང་ནས་ཕྱིར་ཐོན་པའི་འགྲུལ་པར་ངེས་པར་དུ་ཆུ་ཚོད་48ཀྱི་ཉིང་སྐྱུར་བཤེར་འཇལ་སྲིབས་གཤིས་ཀྱི་དཔང་ཡིག་ཡོད་དགོས།

རྩོམ་སྒྲིག་པ།  ཚེ་པེ།