རྫོང་འདིས་སྤྱི་ཁྱབ་ཧྲུའུ་ཅིའི་བདུན་གཅིག་གསུང་བཤད་སློབ་སྦྱོང་བྱས།

མའོ་རྫོང་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས།

རྩོམ་པ་པོ།   དུས་ཚོད།   2021-07-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཉེ་ཆར། མའོ་རྫོང་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས། 

         ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་གཟེངས་རྟགས”འགྲེམས་སྤེལ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བརྡ་ཐོ་གཞིར་བཟུང་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད། 

       ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གོ་དོན་མཐིལ་རྟོགས་བྱེད་པའི་ཁྲོད་ཏང་གཤིས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་དམ་བཅའ་འགྱུར་མེད་ཀྱི་དད་སེམས་དང་ཡིད་ཆེས་སུ་འགྱུར་བ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྫོང་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཤེས་སྤྱོད་གཅིག་སྒྲིལ་ཁྲོད་བྱང་ཚད་དང་འཇོན་ཐང་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་སྔར་བས་བསྡུ་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་སྤྱད་དེ་རྙོག་འཛིང་ཆེ་བའི་རྣམ་པར་སྟངས་འཛིན་དང་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིjཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་མགྱོགས་སུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་རྒྱུར་འགན་ལེན་བྱེད་པ། མཐའ་ཚད་བརྟན་པོ་བསྲུངས་ནས་མའོ་རྫོང་གི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་པ་བཅས་བྱེད་དགོས། 

        མའོ་རྫོང་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་རྫོང་དམངས་འཐུས། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་ཀྱི་ཏང་ཨུ(ཏང་ཙུའུ)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་ཡོད། 

རྩོམ་སྒྲིག་པ།  གཡུ་འཛོམས།  


 རྩོམ་སྒྲིག་པ།  གཡུ་འཛོམས།