ཏང་ཙུའུ་ཡི་ཚོགས་འདུ་འཚོགས་ནས་བདུན་གཅིག་གསུང་བཤད་སློབ་སྦྱོང་བྱས།

ཁུལ་སྲིད་གཞུང་གིས་ཏང་ཙུའུ་ཡི་ཚོགས་འདུ(རྒྱས་འཛོམས)ཐེངས་47པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས།

རྩོམ་པ་པོ།   དུས་ཚོད།   2021-07-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྔ་བའི་གསར་འགྱུར་དྲ་བའི་འཕྲིན།    ཟླ་7ཚེས་15ཉིན། ཁུལ་མི་དམངས་སྲིད་གཞུང་གི་སྐབས་བཅུ་གཉིས་པའི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་47པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལུའོ་ཀྲེན་ཧྭ་ཡིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་གཞོན་པ་ཧྥན་ཅི་ཡུའེ། ཁུལ་དཔོན་གཞོན་པ་ཡན་ཧྭ། ཞུས་ཀུའེ་ཆང་། སུའུ་ཅུན། ཕུང་ཡུས། ཁུལ་སྲིད་གཞུང་གི་དྲུང་ཆེན་ཡུས་ཀོང་ཡ་བཅས་ཚོགས་འདུར་ཞུགས། 

        ཚོགས་འདུའི་ཐོག《〈སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད〉ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བརྡ་ཐོ》དང《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཨུའི་གཞུང་དོན་ཐིང་གི་བརྡ་ཐོའི》དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། ཚོགས་འདུའི་ཐོག་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལ་དམིགས་ནས་ཆེད་དོན་སྤེལ་རེས་དང་བགྲོ་གླེང་། སློབ་སྦྱོང་། བསམ་བློ། ལས་དོན། འཚོ་བ། སྤྱོད་ཚུལ་བཅས་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་དང་གོམ་སྟབས་རྗེས་མའི་ལས་དོན་གྱི་བསམ་ཚུལ་ལྷུག་པོར་གླེང་ནས་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་ལས་དོན་གཏིང་ཟབ་ཏུ་སྤེལ་བར་འགན་ལེན་བྱས། 

       ཚོགས་འདུའི་ཐོག ལུའོ་ཀྲེན་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”ཉིན་གྱི་གསུང་བཤད་གལ་ཆེན་དེ་གཟིགས་རྒྱང་རིང་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་བར་ཏང་གིས་རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་ལས་གྲྭ། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་གྱུར་བཀོད་འདོམས་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་སྲིད་གཞུང་དོན་གཅོད་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག་”ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཏན་ཏིག་བྱས་ཏེ། ཏང་གིས་ཏང་ལ་དགའ་བ་དང་ཏང་གིས་ཏང་ལ་ཞབས་འདེགས་ཞུ་བ། ཏང་གིས་ཏང་དར་རྒྱས་གཏོང་བ་བཅས་མཐའ་གཅིག་ཏུ་བྱེད་ཐུབ་པ། གནས་ལུགས་གསལ་རྟོགས་དང་ཡིད་རྟོན་ཆེར་སྐྱེད། སྤྱོད་བཟང་ལ་མཐོང་ཆེན། འབད་བརྩོན་ཏན་ཏིག་བཅས་དངོས་སུ་བྱེད་ཐུབ་པ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་བ་འཛུགས་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། 

         ཁུལ་སྲིད་གཞུང་གི་དྲུང་ཆེན་གཞོན་པ་དང་ཁུལ་སྲིད་གཞུང་ཁོངས་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་སྲིད་གཞུང་གི་གཞུང་སྒྲུབ་ཁང་གི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་བཅས་ཚོགས་འདུར་ཟུར་ཞུགས་གནང་། 

རྩོམ་སྒྲིག་པ།  ཚེ་པེ།