ལོ་ཆུང་གཞོན་ནུར་འགོག་རྒྱབ་རྒྱག་པར་མི་དར་མ་དང་མི་འདྲ་ས་ཅི་ཡོད།

རྩོམ་པ་པོ།   དུས་ཚོད།   2021-07-21   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

             ཀྲུང་གོའི་གསོ་རིག་སྨན་རྫས་ཚོགས་པའི་ཏོག་གསར་འགོག་ཁབ་ལོ་3ནས་17བར་གྱི་མི་ཚོགས་ལ་རྒྱག་པའི་ཆོག་མཆན་ཐོབ་ཡོད་པ་དང་། ལོ་3ནས་17བར་གྱི་མི་ཚོགས་ཏེ། བྱིས་པ་དང་ལོ་ཆུང་གཞོན་ནུར་རྒྱག་པའི་ཏོག་གསར་ནད་དུག་འགོག་ཁབ་དང་མི་དར་མར་རྒྱག་པའི་འགོག་ཁབ་བར་མི་འདྲ་ས་གང་ཡོད་དམ། ནད་ཐོག་སྨན་བཅོས་ལས་མངོན་པའི་འགོག་སྲུང་ནུས་པ་ཇི་འདྲ་ཡིན་ནམ།

             རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་བྱེད་མཁན་རིགས་གཅིག་མཁས་པའི་ཚོགས་པའི་ཁོངས་མི་ཝང་ཀུའེ་ཆང་གིས། མི་དར་མ་དང་བྱིས་པ་དང་ལོ་ཆུང་གཞོན་ནུར་རྒྱག་པའི་འགོག་ཁབ་ཚང་མ་ནི་དུག་འཇོམས་འགོག་ཁབ་ཡིན་པ་དང་། དེའི་སྦྱོར་ཚད་དང་རིགས་རྣམ་ཚང་མ་གཅིག་མཚུངས་ཡིན། མིག་སྔར་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཏུ་ནད་པ་900ཡི་ཚོགས་པ་སྟེ་ལོ་3ནས་17བར་གྱི་རྒྱལ་ཁབ་མི་གཅིག་པའི་བྱིས་པ་དང་ལོ་ཆུང་གཞོན་ནུར་ནད་ཐོག་སྨན་བཅོས་ཀྱི་སྲུང་སྐྱོབ་རང་བཞིན་གྱི་བདེན་དཔང་བྱས་ཡོད། དུས་མཚམས་གཉིས་པའི་གྲངས་གཞི་ལས་གསལ་སྟོན་བྱས་པར། ཕྱོགས་བསྡུས་འགོག་གཟུགས་ཀྱི་གདགས་འགྱུར་ཚད་100%ཡིན་ཞིང་། འགོག་གཟུགས་ཀྱི་ཆུ་ཚད་ནི་མི་དར་མ་དང་གཅིག་མཚུངས་ཡིན་ཞེས་བསྟན་ཡོད།

འགོག་ཁབ་ཇི་ལྟར་རྒྱག་དགོས་སམ། སྨན་ལོག་གནས་ཚུལ་ཇི་འདྲ་ཡོད་དམ།

         ལོ་3ནས་17བར་གྱི་མི་ཚོགས་ཀྱི་ཏོག་གསར་ནད་དུག་འཇོམས་འགོག་ཁབ་ཀྱི་ཞིབ་ཕྲའི་རྒྱག་སྟངས་ཇི་འདྲ་ཡིན་ནམ། སྨན་ལོག་གནས་ཚུལ་ཇི་འདྲ་ཡོད་དམ།

         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་བྱེད་མཁན་རིགས་གཅིག་མཁས་པའི་ཚོགས་པའི་ཁོངས་མི་ཝང་ཀུའེ་ཆང་གིས། ཞིབ་ཕྲའི་རྒྱག་སྟངས་ནི་མི་དར་མ་དང་གཅིག་པ་ཡིན་ཞིང་། ཁབ་རྒྱག་ཐེངས་གཉིས་ཡིན་པ་རེད། བར་དུ་དུས་ཡུན་ཉིན་21ནས་30བར་འཇོག་དགོས། སྨན་ལོག་གནས་ཚུལ་ནི་གཙོ་བོ་ཆ་ཤས་སུ་ན་བ་དང་སྐྲངས་པ་ལ་སོགས་རེད། གཙོ་བོ་ཆ་ཤས་ཀྱི་གནས་ཚུལ་གཙོ་ཡིན་ཞིང་། ལུས་ཡོངས་ཀྱི་གནས་ཚུལ་ཅུང་ཉུང་ཉུང་རེད། མི་ཁ་ཤས་ལ་ད་དུང་ཚ་བ་རྒྱས་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། དེ་ནི་ཡོངས་སུ་ཚོད་འཛིན་ཐུབ་པ་ཞིག་ཡིན་ཞིང་བདེ་འཇགས་ཡིན་ཞེས་བསྟན་ཡོད།

འགོག་ཁབ་རིགས་གཞན་པ་རྒྱག་པར་གདོང་ཐུག་འབྱུང་སྲིད་དམ།

        ང་ཚོས་ཤེས་གསལ་བྱིས་པ་དང་ལོ་ཆུང་གཞོན་ནུར་ལོ་ཚད་མི་འདྲ་བའི་སྐབས་སུ་འགོག་ཁབ་མི་འདྲ་བ་རྒྱག་དགོས་ཀྱི་ཡོད། འོ་ན་ཏོག་གསར་ནད་དུག་འཇོམས་པའི་འགོག་ཁབ་རྒྱག་པར། འགོག་ཁབ་གཞན་རྒྱག་རྒྱུར་གདོང་ཐུག་འབྱུང་སྲིད་དམ། ཇི་ལྟར་བཀོད་སྒྲིག་ལུགས་མཐུན་བྱེད་དགོས།

         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་བྱེད་མཁན་རིགས་གཅིག་མཁས་པའི་ཚོགས་པའི་ཁོངས་མི་ཝང་ཀུའེ་ཆང་གིས། མི་དར་མར་དམིགས་ནས་ཏོག་གསར་འགོག་ཁབ་རྒྱག་པ་དང་འགོག་ཁབ་གཞན་པ་རྒྱག་པའི་བར་དུ་ཉུང་མཐར་ཡང་ཉིན་14ཡི་བར་གསེང་འཇོག་དགོས་པའི་བསམ་འཆར་བཏོན་ཡོད། བྱིས་པ་དང་ལོ་ཆུང་གཞོན་ནུར་ཡང་དེ་བཞིན་ཡིན། ཡིན་ནའང་གལ་ཏེ་ཕྱི་རྨས་དང་ཁྱིས་རྨུག་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ། འཛུམ་བུ་ལྟག་དགྱེ་དང་ཁྱི་སྨྱོན་འགོག་ཁབ་རྒྱག་དགོས་པ་དང་། བར་དུ་ཉིན་14མཚམས་འཇོག་མི་དགོས་ཞེས་བསྟན་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།