ཨ་ག་རུའི་མེ་ཏོག་གིས་བརྒྱན་པའི་མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་།

རྩོམ་པ་པོ།   དུས་ཚོད།   2021-07-21   རྩོམ་ཁུངས།    མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།

       མེ་ཏོག་སྨུག་པོའི་རྒྱ་མཚོ་ཞེས་གླེང་སྐབས། ཚང་མས་ཧྥ་རན་སིའི་ཕུའུ་ལོ་ཝང་སིའི་ཨ་ག་རུའི་མེ་ཏོག་རྒྱ་མཚོ་ཡིད་ལ་འཆར་ངེས། ཉེ་ཆར་མཛོད་དགེ་རྫོང་ནི་ཨ་ག་རུའི་མེ་ཏོག་གི་མཛེས་ཉམས་ལ་རོལ་བའི་དུས་སྐབས་ཡག་ཤོས་ཤིག་ལ་སླེབས་ཡོད། རྣམ་པར་བཀྲ་བའི་མེ་ཏོག་གི་རྒྱ་མཚོ་དེ་ནི་སྣུམ་ཚོན་རི་མོ་དང་འདྲ་བར་འཆར་ཡན་གྱི་རྣམ་པ་ཤིན་ཏུ་ལྡན།


           ཟླ་བདུན་པར་མཛོད་དགེ་ཁྲོམ་གཞུང་ནི་ལྡེབས་རིས་གསར་པ་ཞིག་བརྗེས་པ་ནང་བཞིན། ཨ་ག་རུའི་མེ་ཏོག་ནི་ཁྲོམ་གཞུང་གཡས་གཡོན་ཀུན་ཏུ་རྣམ་པར་བཀྲ་བས། དབྱར་གཞུང་ལ་སྔར་བས་མཛེས་ཉམས་གསར་བ་བཞེངས།


           ཟླ་བདུན་པ་ནི་ཨ་ག་རུའི་མེ་ཏོག་བཞད་པའི་རྫོགས་ལྡན་དུས་སྐབས་ཡིན། ས་བབ་མཐོ་ཚད་སྨི་3400ཟིན་པའི་མཐོ་སྒང་དུ་བཞད་པའི་ཨ་ག་རུའི་མེ་ཏོག་གིས་བསིལ་རླུང་དང་བསྟུན་ནས་མཛེས་ཉམས་ལྷག་པར་ངོམས། མེ་ཏོག་གི་དྲི་ཞིམ་མཁའ་དབུགས་ཁྲོད་འཐུལ་ཞིང་། མེ་ཏོག་སྔོན་སྨུག་གི་དག་ཞིང་གིས་མི་རྣམས་ལ་བརྗེད་པར་དཀའ་བའི་སྣང་བ་སྐྱིད་པོ་སྟེར་ལ། སྦྲང་མས་ཀྱང་ཚུལ་དེ་ཐོས་པ་ནང་བཞིན་སྦྲང་རྩི་འཐུ་བའི་ལས་ལ་བྲེལ། ཚོན་མདོག་རྣམ་པར་བཀྲ་བའི་ཕྱེ་མ་ལེབ་ཀྱིས་དྲི་ཞིམ་ཁྲོད་གར་གྱི་སྟངས་སྟབས་ལ་རོལ་ཞིང་།  བལྟས་ཚོད་ཀྱིས་ཡུག་གཅིག་ཏུ་སྦྲེལ་བའི་མེ་ཏོག་གི་རྒྱ་མཚོ་དེ་ཚོན་ཐག་སྨུག་པོ་བཞིན། མཛོད་དགེ་ཞེས་པའི་མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་མཐའ་ནས་བརྒྱན་ཡོད།


རྩོམ་སྒྲིག་པ། གཡུ་འཛོམས།