མཛོད་དགེ་རྫོང་ཨུའི་རྒྱུན་ཨུ་ཁང་གིས་ཞི་ཅིན་ཕིང་གི“བདུན་གཅིག”གསུང བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་ཐོག་ཏུ་འཁྱོལ་བ་བྱས།

རྩོམ་པ་པོ།   དུས་ཚོད།   2021-07-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་མཛོད་དགེ་རྫོང་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ཨུའི་ཚོགས་འདུ་ཐེངས་120པ་འཚོགས་ཤིང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས། རྫོང་ཨུའི་རྒྱུན་ཨུ་དང་རྫོང་དམངས་འཐུས།རྫོང་སྲིད་གྲོས། དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཚོགས་འདུར་ཞུགས།

               ཚོགས་འདུ་ལས་བསྟན་དོན། རྫོང་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཤིང་། གཅིག་གྱུར་གྱིས་བཀོད་སྒྲིག་དང་རྩ་འཛུགས་ཞིབ་ཚགས་བཅས་བྱས་ཏེ་རྫོང་ཡོངས་སུ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་མགྱོགས་མྱུར་ངང་འཕྱུར་བ་བྱེད་དགོས་པ་དང་། སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར། གཞི་རིམ་དུ་སྒྲོག་འགྲེལ་སོགས་ཀྱི་ལས་དོན་དམ་པོར་བཟུང་སྟེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ།བསམ་བློ་དང་བྱ་སྤྱོད་ནི་གསུང་བཤད་ཀྱི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ལ། གཟེངས་བསྟོད་ཐོབ་པའི་ཏང་ཡོན་གྱི་བྱས་རྗེས་དང་བླ་ན་མེད་པའི་ཀུན་སྤྱོད་སློབ་སྦྱོང་དང་། ཏང་ཡོན་ལས་བྱེད་པར་སྔོན་ཐོན་དཔེ་བཟང་མིག་དཔེར་བྱས་ཏེ་ཏང་གཤིས་ཞུན་བརྡར་དང་དམངས་ལ་བརྩེ་སེམས་བཅངས་པ། དངོས་གཉེར་གྱི་སྤྱོད་ཚུལ་དར་སྤེལ། འགན་ཁུར་བའི་སྙིང་སྟོབས་སྐུལ་སྤེལ། འཇོན་ཐང་གང་ལེགས་སྦྱོང་བརྡར། སྤྱོད་གཙང་གི་སྤྱོད་ཚུལ་རྒྱུན་འཁྱོངས་བཅས་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་དང་། ཏང་གི་ངོ་བོ་དང་དམིགས་འབེན་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལས་དོན་ཏན་ཏིག་ངང་སྤེལ་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས་ལ། འགན་འཁྲི་འཁུར་ཕོད་པ་དང་གསར་འབྱེད་ཡར་བརྩོན་བཅས་སེམས་སུ་ངེས་ནས་དུས་རབས་གསར་བའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ། མཛོད་དགེ་རྫོང་གི་ལེའུ་གསར་བ་ཞིག་རྩོམ་ཆེད་ནུས་ཤུགས་འཕུད་དགོས་པ་དང་། དྲིལ་སྒྲོག་གི་ནུས་ཤུགས་ཕྱོགས་ཡོངས་ནས་བཏོད་དེ་དྲིལ་སྒྲོག་ལས་དོན་གྱི་ཐོན་ཁུངས་དང་སྟོབས་ཤུགས་སྤྱི་འདོམས་ཡག་པོ་བྱས་ནས་དྲིལ་སྒྲོག་འཕྲིན་སྤེལ་གྱི་ལས་དོན་རྩ་འཛུགས་ཞིབ་ཚགས་བྱེད་དགོས་ལ། རྫོང་ཡོངས་ཀྱི་ལས་དོན་ཁག་ལ་སྐུལ་སྤེལ་བཏང་སྟེ་འགྲན་སློང་གི་རྣམ་པ་བཟང་བོ་ཧུར་ཐག་གིས་གཏོད་དགོས།

རྩོམ་སྒྲིག་པ།  ཚེ་པེ།