རང་ཁུལ་གྱི་རྫོང་དང་ཁེ་ལས་སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྦྱོང་དང་ཟབ་སྤེལ་བྱས།

རྩོམ་པ་པོ།   གསང་བདག་སྒྲོལ་མས་སྒྱུར་སྒྲིག་བྱས།དུས་ཚོད།   2021-07-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་རྫོང་དང་ཁེ་ལས་སོ་སོས་དོན་དངོས་ལ་གཞི་ཚུགས་དང་། དོན་འཁྱོལ་ལ་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བཞིན་ཡོད།

དག་ཞིང་གི་རྔ་བའི་ཞིང་ལས་མ་འཇོག་ཀུང་སིས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྦྱོང་བྱས།

         ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། དག་ཞིང་གི་རྔ་བའི་ཞིང་ལས་མ་འཇོག་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དོན་དངོས་ཀྱི་ལས་དོན་དང་འབྲེལ་ཞིང་། བྱེད་ཐབས་སྣ་ཚོགས་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས།

          ཕྱོགས་ཡོངས་དང་ཁྱད་ལྡན་སྦྲེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཀུན་ལ་ཁྱབ་པར་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་བཙུགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་ཆེན་འཚོགས་ཤིང་། 《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་ལག་བསྟར་ཇུས་གཞི།》པར་འགྲེམས་བྱས་པ་དང་། 《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་གྱི་གསལ་ཐོ།》བཟོས་ལ། ཏང་ཨུའི་ཧྲུའུ་ཅི་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པས་ཆེད་དོན་ཏང་གི་སློབ་ཚན་ཐེངས་2དང་། ཏང་གི་ལོ་རྒྱུས་ཀྱི་ཆེད་དོན་བགྲོ་གླེང་སྤེལ་བ་དང་། ཏང་གི་ལོ་རྒྱུས་སློབ་པ་དང་ཐོག་མའི་བསམ་འདུན་དྲན་པ། ཏང་གི་སློབ་ཚན་ཁྲིད་པ་དང་། ཏང་ཡོན་རྒན་པས་ཏང་གི་ལོ་རྒྱུས་སྒྲོག་འགྲེལ། ཏང་ལ་གླུ་ཞིག་ལེན་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ནས། ལས་བྱེད་པ་རྣམས་ཀྱིས་ཏང་གི་ཁྱད་དུ་འཕགས་པའི་ལོ་རྒྱུས་ཁྲོད་ནས་ཐོག་མའི་བསམ་འདུན་འཚོལ་བ་དང་ལས་འགན་ཡག་པོ་བསྒྲུབ་པར་སྐུལ་སློང་བྱས།

           ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་པ་ཟབ་མོ་བཏོད། བརྗོད་གཙོའི་ཏང་གི་ཉིན་མོ་དང་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་གི་བྱེད་སྒོ་སྤེལ་ལ། ལས་བྱེད་པ་རྣམས་ཀྱིས་ཏང་གི་ལོ་རྒྱུས་རང་སྦྱོང་དང་འབྲེལ་ནས། སློབ་སྦྱོང་གི་འཆར་གཞི་ཡོད་པ་དང་། སློབ་སྦྱོང་གི་ཟིན་བྲིས་ཡོད་པ། སློབ་སྦྱོང་གི་ཡིག་ཆ་ཡོད་པ། སྤེལ་རེས་དང་བགྲོ་གླེང་ཡོད་པ་བྱས་ནས་ཏང་གི་ལོ་རྒྱུས་ཟབ་སྦྱོང་གི་རྣམ་པ་བཏོད་ཡོད། ཏང་ཡོན་དང་ལས་བྱེད་པ་31རྩ་འཛུགས་བྱས་ནས་གསར་བརྗེའི་གློག་བརྙན་ལ་བལྟས།

           རིགས་པའི་གཞུང་ལུགས་དང་ལག་ལེན་སྦྲེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པས་རྔ་བ་ཁུལ་དུ་སྤེལ་བའི་སྒྲོག་འགྲེལ་ལ་ཞུགས་པ་དང་། ཀུང་སིའི་སྒྲོག་འགྲེལ་ཚོགས་པ་མཐོ་སྒང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་སུ་བསྐྱོད་དེ་སྒྲོག་འགྲེལ་བྱས། ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་ཏན་ཏིག་གིས་སྤེལ། ཀུང་སིའི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཤིང་། ཞིང་ལས་ཚན་རྩལ་གྱི་མཁས་པ་གདན་དྲངས་ནས་ཆུ་ཆེན་རྫོང་ཁ་ར་ཀྱོ་གྲོང་སྡེའི་སྡེ་མིར་ཞིང་ལས་ལག་རྩལ་ཁྲིད་པ་དང་སྦྲགས། ཆུ་ཆེན་རྫོང་ཁ་ར་ཀྱོ་གྲོང་སྡེ་དང་མ་ཁྲང་གྲོང་སྡེ། འབར་ཁམས་གྲོང་ཁྱེར་དམ་པོ་གྲོང་སྡེ་བཅས་སུ་མཐོ་སྒང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བསྐྲུན་ནས་ས་གནས་མང་ཚོགས་ཀྱི་ལས་ཞུགས་དཀའ་བའི་གནད་དོན་བསལ།

འབར་ཁམས་གྲོང་ཁྱེར་གྱིས་1315ལས་ཀའི་བྱེད་ཐབས་ལག་བསྟར་བྱས་ནས་དམངས་ཀྱི་དཀའ་ངལ་བསལ།

             ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་ནས་བཟུང་། འབར་ཁམས་གྲོང་ཁྱེར་གྱིས་1315ལས་ཀའི་བྱེད་ཐབས(དམིགས་འབེན་གཅིག་ལ་དམིགས་པ་དང་དཔུང་ཁག་གསུམ་ཡག་པོར་སྤྱོད་པ། དོན་དངོས་ཁག་གཅིག་ལེགས་པོར་འགྲུབ་པ། མཐོར་གཏོང་ལྔ་མངོན་འགྱུར་ཡོང་བ།)ལག་བསྟར་བྱས་ཤིང་། དམངས་ལ་དོན་དངོས་སྒྲུབ་པའི་ལས་དོན་ཟབ་སྤེལ་བྱས།

             འབར་ཁམས་གྲོང་ཁྱེར་གྱིས་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་དང་འབྲེལ་ཞིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བའི་བརྒྱུད་རིམ་ཁྲོད་མང་ཚོགས་ཀྱི་དཀའ་གནད་བསལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར་རང་གི་ལས་གནས་ལ་གཞི་ཚུགས་ཤིང་རང་འགུལ་ངང་དོན་དངོས་སྒྲུབ་པ་སྐུལ་སློང་བྱས། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱི་འབྲེལ་གཏུག་ཡུལ་ཚོ་དང་། གྲོང་ཁྱེར་རིམ་པའི་སྡེ་ཁག་གི་འབྲེལ་གཏུག་གྲོང་སྡེ། ཏང་ཡོན་ལས་བྱེད་པའི་འབྲེལ་གཏུག་ཁྱིམ་ཚང་བཅས་དཔུང་ཁག་གསུམ་མཉམ་འདྲེས་དམ་ཟབ་བྱས་ནས། ཏང་ཡོན་ལས་བྱེད་པ་གཅིག་གིས་ཁྱིམ་ཚང་Nདང་མང་ཚོགས་ལ་འབྲེལ་གཏུག་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་དཀའ་གནད་བསྡུ་བའི་ལས་ཀའི་ལམ་སྲོལ་བཙུགས། ཏང་ཀྲི་པུའུ་གཞི་རྩའི་ཚན་པར་བྱས་ནས་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་པ་དང་འགྱུར་ལྡོག་ལ་ལྟ་བ། མྱོང་ཚོར་གླེང་བ། ཏང་གཤིས་གཏོད་པ། མིག་དཔེ་སྟོན་པ་བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། ཏང་ཡོན་གྱི་གདོང་ལེན་པ་དང་འཕྲལ་རྒོལ་རུ་ཁག་97བཙུགས་ཏེ་མང་ཚོགས་ལ་དོན་དངོས་བསྒྲུབས། ཏང་གི་སྲིད་ཇུས་སྒྲོག་འགྲེལ་དང་འགལ་བ་འདུམ་འགྲིག འཚོ་བའི་དཀའ་གནད་བསལ་བ། ཐོན་ལས་འཕེལ་རྒྱས་བཅས་ཀྱི་དོན་དངོས་བསྒྲུབས།

རྩོམ་སྒྲིག་པ།  ཚེ་པེ།