སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་53པ་འཚོགས་པ།

རྩོམ་པ་པོ།   དུས་ཚོད།   2021-07-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་53པ་མའོ་རྫོང་དུ་འཚོགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་། ཀྲུའུ་ཞི་གཞོན་པ་ཆིན་ཁའེ་ཅིན་དང་ཁྲེན་ཧྥུ་ཧྲེང་། ལུང་ཀང་། ཝང་ཧྲེང་། ནམ་མཁའ།དྲུང་ཆེན་ཀུང་མིང་ཚོགས་འདུར་ཞུགས། ཁུལ་རིམ་པ་དང་པོའི་སྐོར་གཟིགས་པ་ཝང་མིང་ཧུའེ་དང་ཨུ་ལྷན་ཁང་སོ་སོའི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།

             ཚོགས་འདུའི་ཐོག 《ཁུལ་ཡོངས་ཀྱི“གནས་བརྒལ”གླིང་ཁུལ་འཕེལ་རྒྱས་འགྲོ་ཚུལ་གྱི་ལྟ་ཞིབ་གྲོས་གཞི》དང《སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་བའི་གྲོས་གཞི》སོགས་ལ་ཞིབ་འཇུག་བྱས་པ་དང་། ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་བྱས།

             ཚོགས་འདུ་མ་འཚོགས་གོང་ཁྲིམས་སྦྱོང་གི་བྱེད་སྒོ་སྤེལ་བ་དང་།《དུས་རབས་གསར་བར་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་བ་དར་རྒྱས་གཏོང་བར་རྒྱབ་སྐྱོར་དང་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ལ་ཆེད་དོན་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།  ཚེ་པེ།