སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་52པ་འཚོགས་པ།

རྩོམ་པ་པོ།   དུས་ཚོད།   2021-07-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་52བ་མའོ་རྫོང་དུ་འཚོགས། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི།ཀྲུའུ་ཞི་ཉི་མ་འབུམ་གྱིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཆིན་ཁའེ་ཅིན་དང་ཁྲེན་ཕུའུ་ཧྲེང་། ཏང་ཙུའུ་ཡི་ཁོངས་མི།ཀྲུའུ་ཞི་གཞོན་པ་ལུང་ཀང་། ཝང་ཧྲེང་། ནམ་མཁའ། ཏང་ཙུའུ་ཡི་ཁོངས་མི་དང་དྲུང་ཆེན་ཀུང་མིང་བཅས་ཚོགས་འདུར་ཞུགས། ཁུལ་རིམ་པ་དང་པོའི་སྐོར་གཟིགས་པ་ཝང་མིང་ཧུའེ་དང་ཨུ་ལྷན་ཁང་སོ་སོའི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།

            ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་མིན་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་161པའི་དགོངས་དོན་བརྒྱུད་བསྒྲགས་དང་། 《ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཚན་ཁག་གིས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲོས་གཞི》ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ།  ཚེ་པེ།