དར་མདོ་ནས་ཁྲེང་ཏུའུ་བར་དམངས་ཕན་ཆེད་སྤྱོད་རླངས་འཁོར་གཏོང་འཆར་འདུག

རྩོམ་པ་པོ།   དུས་ཚོད།   2021-07-20   རྩོམ་ཁུངས།    གངས་ལྗོངས་འཕྲིན་གསར།

གཡག་མདོའི་མྱུར་བགྲོད་གཞུང་ལམ་ཤར་བཏང་བྱུང་བ་ནས།

དར་མདོ་དང་ལྕགས་ཟམ་ཁའི་སྡོད་དམངས་མི་ཉུང་བ་ཞིག

གཟའ་མཇུག་ལ་སླེབས་རྗེས།

ཁྲེང་ཏུའུ་རུ་སྤྲོ་འཁྱམ་དུ་འགྲོ་བཞིན་ཡོད།

དེ་བས།

མིག་སྔར།

འགྲིམ་འགྲུལ་ཡོ་བྱད་ཐད།

དཀའ་ངལ་ཉུང་ངུ་འཕྲད་བཞིན་ཡོད་ཀྱང་།

དེ་མི་འགྱངས་བར་

ཐག་གཅོད་ཐུབ་པའི་གཏམ་བཟང་འབྱོར།


ཉེ་ཆར།

ཁྲོན་བོད་འགྲུལ་སྐྱེལ་གསར་བའི་ཚོགས་པས།

ས་གནས་དེ་གའི་སྡོད་དམངས་ལ་

སྔར་ལས་ལྷག་པའི་ངང་ཞབས་ཞུ་བསྒྲུབ་ཆེད།

སྤྱི་ཟླ་7པའི་ཚེས་23ཉིན་ནས།

དམངས་ཕན་ཆེད་སྤྱོད་རླངས་འཁོར་ཤར་གཏོང་བྱེད་མགོ་རྩོམ་རྒྱུ་དང་།

གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ཕྱི་དྲོའི་ཆུ་ཚོད་6:30ཐོག

དར་མདོའི་རླངས་འཁོར་འབབ་ཚིགས་ནས་

རླངས་འཁོར་གཏང་རྒྱུ་རེད།

དེ་ལ་ལམ་ཐིག་གཉིས་དང་།

ཁྲེང་ཏུའུ་བར་སྒོར་120རེད།


རྩོམ་སྒྲིག་པ།  གཡུ་འཛོམས།