ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།   དབང་མོས་སྒྱུར་སྒྲིག་བྱས། སྒྲོལ་མས་སྒྲ་ཕབ། ​དུས་ཚོད།   2021-07-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དུས་ཚོད།

    1992ལོའི་ཟླ་10ཚེས་12ནས་ཚེས་18ཉིན་བར།

ཚོགས་ཡུལ།

 པེ་ཅིང།

འཐུས་མི།

         ཐེངས་དེའི་ཚོགས་ཆེན་ལ་དངོས་གཞའི་འཐུས་མི་1989(མགོ་ཚུགས་མཛད་སྒོར་ཞུགས་པའི་མི་1965ཡོད)དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་46(མགོ་ཚུགས་མཛད་སྒོར་ཞུགས་པའི་མི35ཡོད)གིས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་5100ཡི་ཚབ་བྱས་ཡོད།

ནང་དོན།

         ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བློ་མཐུན་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་འཛིན་ནས། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལོ་14རིང་གི་ལག་ལེན་དངོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ནས་སླད་ཕྱིན་དུས་སྐབས་ཤིག་རིང་གི་འཐབ་ཇུས་ཀྱི་བཀོད་སྒྲིག་གཏན་ལ་ཕབ་པ་དང་། ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་བསམ་བློ་བཅིངས་འགྲོལ་སྔར་ལས་ལྷག་པར་གཏོང་རྒྱུ། གོ་སྐབས་བཟང་བོ་དམ་འཛིན་བྱས་ནས་བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱལ་ཁ་སྔར་ལས་ཆེ་བ་འཐོབ་པར་བྱ་དགོས་པའི་སྐུལ་སློང་བྱ་དགོས།

དོན་སྙིང་།

         ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་དེ་ཏང་གི་སྒྲིག་ཡིག་ནང་བཀོད་པས། དེས་ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།

རྩོམ་སྒྲིག་པ།  ཚེ་པེ།