རང་ཁུལ་གྱི་ལས་ཁུངས་དང་རྫོང་སོ་སོས་ཏང་གི་ལོ་རྒྱུས་སློབ་ སྦྱོང་སློབ་གསོ་ཟབ་སྦྱོང་དང་ཟབ་སྤེལ་བྱས།

རྩོམ་པ་པོ།   དུས་ཚོད།   2021-07-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་ལས་ཁུངས་དང་རྫོང་སོ་སོས་དོན་དངོས་ལ་གཞི་ཚུགས་ཤིང་། དོན་འཁྱོལ་ལ་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བཞིན་ཡོད།

ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གིས་ཏང་གི་ལོ་རྒྱུས་ཟབ་སྦྱོང་དང་ཟབ་སྤེལ་བྱས།

            དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་མེ་ཟོན་གྱི་ངོ་བོ་དང་འབྲེལ་ཞིང་། གློག་རྡུལ་བརྙན་འཕྲིན་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དྲིལ་སྒྲོག་སྦྱར་ཡིག་དང་འགྲེམས་པང་བཟོས་ནས་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་ཐུང་ངུ་བྲིས་པ་དང་ཆབས་ཅིག སྐད་འཕྲིན་གྱི་སྤྱི་རྟགས་དང་སྨྱན་སྦྱོར་ལ་བརྟེན་ནས་ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ།

           གསར་བརྗེའི་གློག་བརྙན་ལ་བལྟས་པ་དང་། མཁས་པ་དང་དགེ་རྒན་ཆེན་མོ་བ་གདན་དྲངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་སློབ་ཁྲིད་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་དེབ་500ལྷག དེ་མིན་ཤེས་བྱའི་སྐོར་གྱི་དེབ་1000ལྷག་སྟེར་བ་དང་ཆབས་ཅིག སི་ཁྲོན་གྱི་མེ་ཟོན་119དང་རྔ་བའི་སྤྱི་རྟགས། གཞི་རིམ་ཀུན་ཁྱབ། appདང་ཡན་ལག་རུ་ཁག་གི་སྤྱི་རྟགས་སོགས་སུ་ཏང་གི་ཤེས་བྱ་བསྒྲགས།

          གསུང་རབ་བཀླགས་པ་དང་དཔེ་དེབ་བཟང་བོ་འོས་སྦྱོར། བརྗོད་གཙོའི་གཏམ་བཤད། སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་སོགས་རྣམ་པ་སྣ་ཚོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཕན་ཚུན་མཉམ་སྤྱོད་དང་ཕན་ཚུན་སློབ་སྦྱོང་བྱས་པ་དང་ཆབས་ཅིག ཡན་ལག་རུ་ཁག་གིས་བཀོད་འཐབ་པ་ཚོས་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བསྔགས་པ་དང་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་གསར་བ་ཞེས་པའི་བརྗོད་གཙོའི་རྩོམ་བསྡུའི་འགྲན་བསྡུར་དང་། གསར་བརྗེ་གླུ་གཞས་ལེན་པ་དང་ཏང་གི་ལོ་རྒྱུས་ལ་བསྔགས་པའི་བྱེད་སྒོ་སྤེལ།

           ཅོག་ཙེའི་རྒྱལ་ས་དང་དཔལ་སྐྱིད་གྲོས་ཚོགས་ཀྱི་རྗེས་ཤུལ། ཆུ་དགར་གྲོས་ཚོགས་ཀྱི་རྗེས་ཤུལ་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་གསར་བརྗེའི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། གསར་བརྗེའི་གཞི་རྒྱུ་སྔར་ལས་རྒྱུན་འཛིན་བྱས་ཤིང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོག་མའི་བསམ་འདུན་མྱོང་ཚོར་བྱས། དྭངས་གསལ་དུས་ཆེན་གྱི་སྐབས་སུ་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་མེ་ཟོན་རོགས་སྐྱོབ་དཔུང་ཁག་རྩ་འཛུགས་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་པ་དང་། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་།

          ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོ་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་སྤེལ་བཏང་ནས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེེས་པའི་བྱེད་སྒོ་སྤེལ་བ་དང་། འབྲེལ་གཉིས་སྒྲོག་གཅིག་གི་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པ་བྱས། དགོན་སྡེ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་མཚམས་འདྲི་བྱས། རྫོང་རེར་ཚོགས་པ་རེ་དང་ཡུལ་ཚོ་རེར་རུ་ཁག་རེའི་སྒྲོག་འགྲེལ་རུ་ཁག་བཙུགས་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་བ་དང་། མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་ཐེངས་2000ལྷག་སྤེལ། མང་ཚོགས་དང་གཞི་རིམ་གྱི་ཆེས་དོ་ཁུར་བྱེད་པའི་དཀའ་ཁག་ཐག་གཅད་པར་སྐུལ་སྤེལ་བཏང་ལ། མེ་ཟོན་རོགས་སྐྱོབ་རུ་ཁག་དང་མི་དམངས་མང་ཚོགས་ཀྱི་འབྲེལ་བ་ཇེ་ཟབ་དུ་བཏང་། ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་བྱེད་སྒོ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཇེ་ཆེར་བཏང་།

འབར་ཁམས་གྲོང་ཁྱེར་དམ་པ་ཡུལ་ཚོས་མང་ཚོགས་ལ་དོན་དངོས་སྒྲུབ།

          དཔེ་སྟོན་གསར་གཏོད་བྱས་ནས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་བཏང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ལས་གནས་གསར་འཛུགས་བྱེད་སྒོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ཤིང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་དཔེ་བཟང་གི་སྒོ་བྱང་རེས་སྐོར་ལམ་ལུགས་བཙུགས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ལས་གནས་ལ་དོ་དམ་བྱས་ནས་ཟླ་གཉིས་རེར་ཚོད་སྐོར་ལེགས་སྒྲིག་ཐེངས་རེ་བྱས་ནས་སློབ་སྦྱོང་དང་འབད་བརྩོན་གྱི་རྣམ་པ་བཟང་བོ་བྱུང་།

          དཔུང་ཁག་བཙུགས་ནས་ཐོག་མའི་བསམ་འདུན་གྱི་དམིགས་འབེན་ལག་བསྟར་བྱས། ཏང་ཡོན་ལས་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོའི་ལས་ཀའི་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་རུ་ཁག་1དང་ཏང་ཡོན་གྱི་གདོང་ལེན་འཕྲལ་རྒོལ་རུ་ཁག་8བཙུགས་ནས་གཞི་རིམ་དུ་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་སྡེར་བསྐྱོད་དེ་མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་རྒྱུས་ལོན་བྱས་པ་དང་། ཟླ་རེའི་ཉིན་གཅིག་ལ་ཏང་ཡོན་ཞབས་ཞུ་རུ་ཁག་དང་འཕྲལ་རྒོལ་རུ་ཁག་རྩ་འཛུགས་བྱས་ནས་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་གྱི་དྲིལ་སྒྲོག་ཡིག་ཆ་བཀྲམ་པ་དང་། ཁོར་ཡུག་བཅོས་སྐྱོང་གི་ལས་དོན་སོགས་ཀྱི་བྱེད་སྒོ་སྤེལ།

          དོན་དངོས་བསྒྲུབ་ནས་འབད་འབུངས་ཡར་བརྩོན་ལ་སྐུལ་མ་བཏང་། མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཤིང་། རོང་འབྲོག་པའི་མཚན་མོའི་སློབ་གྲྭ་དང་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་སོགས་ཀྱི་ལས་སྟེགས་སྤྱད་དེ་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ཐེངས་28སྤེལ་ནས། མང་ཚོགས་ཀྱི་སློབ་གསོ་དང་སྨན་བཅོས། ལས་ཞུགས། ཐོན་ལས་སོགས་ཀྱི་དཀའ་ཁག་35ཐག་བཅད།

རྩོམ་སྒྲིག་པ།  གཡུ་འཛོམས།