སྐེ་ཚེ་མེ་ཏོག་གིས་ཐོན་ལས་འཕེལ་རྒྱས་ཀྱི་སྔོན་ལྗོངས་ཡག་པོ་བསྐྲུན།

རྩོམ་པ་པོ།   དུས་ཚོད།   2021-07-19   རྩོམ་ཁུངས།    མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།

           དབྱར་ཟླ་བདུན་པར་བདེ་ཐང་ས་ཁུལ་གྱི་སྐེ་ཚེ་མེ་ཏོག་བཞད་ཟིན་མོད། མཛོད་དགེ་རྩྭ་ཐང་ཆེན་མོ་རུ། རྣམ་པར་བཀྲ་བའི་སྐེ་ཚེ་མེ་ཏོག་རི་བོ་དང་རྩྭ་ཐང་། དགུང་སྔོན་དང་ཡུག་གཅིག་ཏུ་སྦྲེལ་བས། ས་མཐོར་བཀོད་པའི་རི་མོ་ནང་བཞིན་ཡིད་དུ་འོང་།


         མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ་སྟོད་པ་སྡེ་བ་རུ། གསར་འགོད་པས་རི་བོ་དང་སྡོད་ཁང་། སྐེ་ཚེ་མེ་ཏོག་བཅས་བཀྲག་མདངས་འཚེར་ཞིང་མཛེས་སྡུག་གི་རྣམ་པ་ཞིག་མངོན་ཡོད་པ་མཐོང་། ཡུལ་མི་རྣམས་ཀྱིས་བཤད་རྒྱུར། ལོ་ལྟར་མེ་ཏོག་བཞད་སྐབས་ལྗོབས་སྐོར་བའི་ཡིད་དབང་བཀུག་ནས་སྐུ་མགྲོན་མང་པོ་བསུ་ཐུབ་ཟེར།

རྩོམ་སྒྲིག་པ།  ཚེ་པེ།