ཉོབ་ན་ཐབས་ཤེས་འདི་སྤྱོད་དང་། ཡག་པོ་འདུག

རྩོམ་པ་པོ།   དུས་ཚོད།   2021-07-13   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྟེགས།

         དབྱར་ཁ་དང་སྟོན་ཁའི་དུས་ཚིགས་ནི་མི་རྣམས་སྒྱིད་ལུག་དང་ཉོབ་སླ་བའི་ནམ་དུས་ཤིག་རེད། ཚ་བ་ཆེ་བའི་དུས་སུ་སྣང་ཚུལ་འདི་རིགས་མངོན་གསལ་དོད་པ་དང་། ལྷག་པར་དུ་ཉིན་གུང་ལྟོ་ཆས་བཟས་ཚར་རྗེས་དེ་བས་ཀྱང་ཉོབ་ཀྱི་ཡོད། དོན་དུ་དེ་ནི་གཉིད་མི་འདང་བ་མ་ཡིན་པར། མི་རྣམས་ཚིལ་མང་བ་དང་མངར་ཆའི་རིགས་མང་པོ་བཟས་པ་དང་འབྲེལ་བ་ཡོད། གལ་ཏེ་ཉོབ་མདངས་སེལ་དགོས་ན་སྔོ་ཚལ་མང་ཙམ་བཟའ་དགོས། 
        སྤྲི་དཀར་མང་པོ་འདུས་པའི་ཟས་རིགས་དཔེར་ན་ཉ་དང་། བྱ་དེ། མཚོ་ཟས། སྲན་ཕྱུར་སོགས་སུ་ལོ་ཨན་སོན་མང་པོ་ལྡན་ཡོད་པ་དེས་རིག་པ་དྭངས་བ་དང་སྦི་ལ་སིལ་དུ་འགྲོ་བར་ཕན་ཐོགས་ཡོད། གཞན་ཡང་། སྔོ་ཚལ་གྱི་རིགས་དཔེར་ན་སོ་ལོ་སྔོན་པོ་དང་། གུང་ལ་ཕུག པོ་ཚལ་སོགས་ཀྱིས་ཀླད་པར་གསོ་རླུང་འདང་ངེས་མཁོ་འདོན་བྱས་ཏེ་རིག་པ་དེ་བས་གསལ་དུ་འགྲོ་གི་ཡོད། འབྲུ་རིགས་ཐད་གྲོ་ཞིབ་ལས་ཞོག་ཁོག་ཉུང་ཙམ་བཟའ་དགོས། ཡིན་ནའང་དགོང་མོ་ཞོག་ཁོག་བཟས་ན་གཉིད་ཁུག་བདེ་རུ་འགྲོ་གི་ཡོད། 
         ལྟོ་ཆས་ཟ་བའི་གོ་རིམ་ལ་ཞོགས་པ་འཚོ་བཅུད་མང་བའི་ཟས་རིགས་བཟའ་དགོས་པ་དང་། ཉིན་གུང་ལྟོ་སྣ་འཛོམ་པོ་དགོས་པ། དགོང་མོ་ཉུང་ཙམ་བཟའ་དགོས། ལས་ཀ་ཚར་རྗེས་པོ་ལོ་དང་། ཚ་ལུ་མ། ཉིང་མོང་སོགས་ཀྱི་ཤིང་འབྲས་བཟས་ན་ངལ་དུབ་སེལ་བ་དང་རིག་པ་གསལ་དུ་འགྲོ་བར་ཕན་ཐོགས་ངེས་ཅན་ཡོད།
རྩོམ་སྒྲིག་པ། གཡུ་འཛོམས།