《རྔ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་ཡོངས་བཤེར་ལས་དོན་གྱི་ཇུས་གཞི》བཏོན་པ།

རྩོམ་པ་པོ།   བློ་བདགདུས་ཚོད།   2021-07-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            《སི་ཁྲོན་ཞིང་ཆེན་གྱི་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་བཤེར་བྱ་རྒྱུའི་སྐོར་གྱི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོ》དང《སི་ཁྲོན་ཞིང་ཆེན་གྱི་ཐེངས་དང་པོའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་ཡོངས་བཤེར་ལག་བསྟར་ཇུས་གཞི》སོགས་ཀྱི་བླང་བྱ་གཞིར་བཟུང་སྟེ། རང་ཁུལ་གྱིས་ཡོངས་བཤེར་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་པ་དང《རྔ་བ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་ཡོངས་བཤེར་ལས་དོན་གྱི་ཇུས་གཞི》བཏོན།

            ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁར་ཡོངས་བཤེར་ཐེངས་དང་པོ་བྱེད་པའི་དམིགས་ཡུལ་ནི་མེ་སྐྱོན་གྱི་རྒྱུ་རྐྱེན་གཙོ་བོ་དང་། གནོད་འཚེའི་ཁོར་ཡུག མངོན་མེད་རྐྱེན་ངན་གཙོ་བོ་སོགས་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ་ཁུལ་ཡོངས་ཀྱི་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་འབྱུང་རྩ་མཐིལ་རྟོགས་བྱ་རྒྱུ་དང་། གཙོ་གནད་ས་ཁོངས་ཀྱི་གནོད་འགོག་ནུས་པ་རྩད་གཅོད་གསལ་པོ་བྱས་ནས་རིགས་དབྱེ་བ་དང་ཡན་ལག་ཁུལ་བཙུགས་ཏེ་མེ་སྐྱོན་ཉེན་ཁ་དང་གནོད་འཚེ་ཆུང་གཏོང་གི་ནུས་པའི་གྲངས་གཞིའི་མཛོད་འཛུགས་རྒྱུ། མེ་སྐྱོན་གྱི་ཉེན་ཁ་དཔྱད་དཔོག་དང་ས་ཁོངས་དབྱེ་བ། ཁུལ་དང་རྫོང་(གྲོང་ཁྱེར་)གི་རིམ་པ་གཉིས་པའི་མེ་སྐྱོན་རིགས་ཀྱི་ཉེན་ཁའི་དཔེ་རིས་དང་། ཉེན་ཁའི་ཁུལ་དབྱེ། འགོག་བཅོས་ཁུལ་བཅས་བཟོ་དགོས་པ་དེ་རེད།

རྩོམ་སྒྲིག་པ། གཡུ་འཛོམས།