ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ།

ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།   དབང་མོས་སྒྱུར། སྒྲོལ་མས་སྒྲ་ཕབ།དུས་ཚོད།   2021-07-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དུས་ཚོད།

    1987ལོའི་ཟླ་10ཚེས་25ཉིན་ནས་ཟླ་11ཚེས་1ཉིན་བར།

ཚོགས་ཡུལ།

པེ་ཅིང་།

འཐུས་མི།

        ཚོགས་ཆེན་ལ་ཞུགས་པའི་དངོས་གཞིའི་འཐུས་མི་1936ཡོད་པ་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་61ཡོད་པ་དེས(ཚོགས་ཆེན་གྱི་མགོ་ཚུགས་མཛད་སྒོར་ཞུགས་མཁན་ཁྱོན་བསྡོམས་1953ཡོད།)རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་4600ལྷག་མཚོན་ཡོད།

ནང་དོན།

       ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལམ་ཕྱོགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ་དང་གཏིང་ཟབ་ཏུ་གཏོང་ཞིང་། དཔལ་འབྱོར་འཛུགས་སྐྲུན་དང་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས། ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་བཅས་བྱེད་པའི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་གོམ་གང་མདུན་སྤོས་སྒོས་གཏན་ལ་ཕབ་པ་དང་། བསྒྱུར་བཅོས་སྒོ་འབྱེད་བྱེད་རིང་དུ་ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་གཞི་རྩའི་བྱེད་ཕྱོགས་གཏན་འབེབས་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་ཕྱོགས་བསྡོམས་གསལ་བོར་བྱས་ཤིང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས། བསྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས་བཅས་བྱས་ནས་གོམ་སྟབས་གསུམ་དུ་བགོས་ནས་འགྲོ་བའི་འཕེལ་རྒྱས་འཐབ་ཇུས་གཏན་འབེབས་བྱས་པ་རེད།

དོན་སྙིང་།

       དེས་རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་གོང་དུ་འཕེལ་བའི་དུས་རིམ་གསར་བ་བཏོད་པ་རེད། ཏང་གིས་རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་ངོས་འཛིན་གསལ་པོ་བྱས་ཡོད་ཅིང་། རྨང་གཞི་འདིའི་ཐོག་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས་ཡོད།

རྩོམ་སྒྲིག་པ། གཡུ་འཛོམས།