བདུན་གཅིག་གཟེངས་རྟགས་ཐོབ་པའི་ཏང་ཡོན་རྣམ་པ་ལ་གུས་འདུད་ཞུ།

རྩོམ་པ་པོ།   དུས་ཚོད།   2021-06-30   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་འཕྲིན་སྟེགས།

          ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། སྤྱི་ཟླ་6པའི་ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10སྟེང་། བདུན་གཅིག་གཟེངས་རྟགས་གནང་བའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེས་ཐོག་མའི་བདུན་གཅིག་གཟེངས་རྟགས་གནང་བ་དང་གསུང་བཤད་གལ་ཆེན་གནང་།

         ཏང་དང་མི་དམངས་ཀྱི་ཆེད་དུ་བྱས་རྗེས་ཆེན་པོ་བཞག་ཅིང་བསམ་པའི་རྒྱུ་ནོར་རྩ་ཆེན་བསྐྲུན་པའི་ཏང་ཡོན་29ལ་བདུན་གཅིག་བྱས་རྗེས་གཟེངས་རྟགས་གནང་བ་རེད། དེའི་ནང་སི་ཁྲོན་གྱི་མི་གཉིས་ཚུད་ཡོད།

རྩོམ་སྒྲིག་པ།  ཚེ་པེ།