ཟླ་དང་བོ་ནས་ལྔ་བའི་བར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་24.2འཕར་བ།

རྩོམ་པ་པོ།   དུས་ཚོད།   2021-06-22   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

            མི་དམངས་ཉིན་རེའི་ཚགས་པར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ནོར་སྲིད་པུའུ་ཡིས་ད་ལོའི་ཟླ་དང་བོ་ནས་ལྔ་བའི་བར་གྱི་ནོར་སྲིད་གཏོང་སྒོའི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། ད་ལོའི་ཟླ་དང་བོ་ནས་ལྔ་བའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་96454ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་24.2འཕར་ནས་2019ལོའི་དུས་མཉམ་ལས་བརྒྱ་ཆ་7.3འཕར་ཡོད། ཟླ་དང་བོ་ནས་ལྔ་བའི་བར། རིམ་རྩིས་བྱས་ན་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་45735ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་27འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་འདི་གའི་ཡོང་འབབ་སྒོར་དུང་ཕྱུར་50719ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་21.7འཕར་བ་དང་། རྒྱལ་ཡོངས་ཀྱི་དཔྱ་ཁྲལ་ཡོང་འབབ་དུས་མཉམ་ལས་བརྒྱ་ཆ་25.5འཕར་བ། ཟླ་དང་བོ་ནས་ལྔ་བའི་བར། རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་93553ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་3.6འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་81553ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་5.8འཕར་བ། རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་29614ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་7ཆག་ཡོད།

རྩོམ་སྒྲིག་པ། གཡུ་འཛོམས།