གཟི་རྩ་སྡེ་དགུ་རྫོང་གི་རིམ་སྤོར་རྣམ་གྲངས་གལ་ཆེན་དག་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད།

རྩོམ་པ་པོ།   དུས་ཚོད།   2021-06-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཉེ་ཆར། གཟི་རྩ་སྡེ་དགུའི་རྣམ་གྲངས་འཛུགས་སྐྲུན་ལས་གྲྭའི་ཡུལ་དངོས་སུ། གསར་འགོད་པས་ལས་བྱེད་པ་དང་འཕྲུལ་ཆས་ཆེ་གྲས་ཀྱིས་གོ་རིམ་ལྡན་པའི་ངང་ལས་ཀ་ལས་བཞིན་པ་མཐོང་། ཡུལ་དངོས་སུ་བྲེལ་ཞིང་འཚུབ་པའི་རྣམ་པས་ཁེངས་ཡོད།

           ཤེས་རྟོགས་བྱུང་བ་ལྟར་ན། གཟི་རྩ་སྡེ་དགུ་རྫོང་དུ་རིག་གནས་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་ཞན་ཆ་གསབ་པའི་རྣམ་གྲངས་60ཡོད་ཅིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་123.28གཏང་རྩིས་ཡོད་ལ། མིག་སྔའི་བར་དུ་སྐྲུན་བཞིན་པའི་རྣམ་གྲངས་39ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་87.58བཏང་ཟིན།དེས་མ་འཇོག་བསྡོམས་འབོར་གྱི་བརྒྱ་ཆ་71.04བཟུང་ཡོད་ལ། རྣམ་གྲངས་གཞན་དག་15མགྱོགས་མྱུར་ངང་དུས་མགོའི་ལས་དོན་སྤེལ་བཞིན་ཡོད། 

རྩོམ་སྒྲིག་པ། གཡུ་འཛོམས།