འབར་ཁམས་གྲོང་ཁྱེར་གྱིས་དུས་ཚིགས་དང་བོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར་9.4བཏང་།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2021-05-28   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཁུལ་བསྡོམས་རྩིས་ཅུས་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱས་པ་བརྒྱུད། འབར་ཁམས་གྲོང་ཁྱེར་གྱིས་དུས་ཚིགས་དང་བོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་ཁྲི་94024བཏང་བ་དེ་དུས་མཉམ་ལས་བརྒྱ་ཆ་60.9འཕར་ཡོད།

             གྲུབ་ཆ་དབྱེ་ཞིབ་བྱས་པར་གཞིགས་ན། འབར་ཁམས་གྲོང་ཁྱེར་གྱིས་སྒོར་ཁྲི་5000ཡན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་92777བཏང་བ་དེ་དུས་མཉམ་ལས་བརྒྱ་ཆ་86འཕར་བ་དང་། སྒོར་ཁྲི་500ནས་སྒོར་ཁྲི་5000བར་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་1247བཏང་བ་དེ་དུས་མཉམ་ལས་བརྒྱ་ཆ་51.2མར་ཆག་ལ། ཞིང་ལས་གཏོང་དངུལ་སྒོར་ཁྲི་900ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་85མར་ཆག་པ། ལས་རིགས་ལ་གཞིགས་ན། ཐོན་ལས་དང་བོར་གཏོང་དངུལ་སྒོར་ཁྲི་315ལེགས་པར་གྲུབ་པ་དེ་དུས་མཉམ་ལས་བརྒྱ་ཆ་85མར་ཆག་པ་དེས་མ་འཇོག་བསྡོམས་འབོར་གྱི་བརྒྱ་ཆ་0.3ཟིན་ཡོད། ཐོན་ལས་གཉིས་པར་གཏོང་དངུལ་སྒོར་ཁྲི་75580ལེགས་པར་གྲུབ་པ་དེ་དུས་མཉམ་ལས་བརྒྱ་ཆ་85འཕར་བ་དེས་གཏོང་དངུལ་བསྡོམས་འབོར་གྱི་བརྒྱ་ཆ་80.4ཟིན་ཡོད། ཐོན་ལས་གསུམ་པར་གཏོང་དངུལ་སྒོར་ཁྲི་18129ལེགས་པར་གྲུབ་པ་དེ་དུས་མཉམ་ལས་བརྒྱ་ཆ་17.1འཕར་བ་དེས་གཏོང་དངུལ་བསྡོམས་འབོར་གྱི་བརྒྱ་ཆ་19.3ཟིན་ཡོད།

           མིག་སྔར་འབར་ཁམས་གྲོང་ཁྱེར་གྱིས་དངུལ་གཏོང་བྱས་པའི་རྣམ་གྲངས་56ཡོད་པ་ལས། སྒོར་ཁྲི་500ནས་ཁྲི་5000བར་གྱི་རྣམ་གྲངས་43དང་། སྒོར་ཁྲི་5000ཡན་གྱི་རྣམ་གྲངས་13ཡོད་པས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་རྗེས་མཐུད་འཕར་བའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།

རྩོམ་སྒྲིག་པ། གཡུ་འཛོམས།