གཞུང་རྒྱུ་ཧམ་ཟ་བྱས་པའི་ནག་ཉེས་ ཀྱི་ཉེས་དོན་འགན་འཁྲིའི་སྐོར།

རྩོམ་པ་པོ།   དུས་ཚོད།   2021-05-20   རྩོམ་ཁུངས།    ཉེས་དོན་བཅའ་ཁྲིམས་བསླབ་དེབ་ལས།

      ཉེས་ཁྲིམས་དོན་ཚན་383པའི་གཏན་འབེབས་ལྟར་ན།གཞུང་རྒྱུ་ཧམ་ཟ་བྱས་པའི་ནག་ཉེས་འདི་བསགས་པ་ལ་ཉེས་ཆད་གཅོད་སྐབས།ཧམ་ཟ་བྱས་པའི་གྲངས་འབོར་གྱི་མང་ཉུང་དང་བྱུང་རིམ་གྱི་ཚབས་ཆེ་ཆུང་ལ་བལྟས་ནས་ཉེས་ཆད་གཅོད་ཚུལ་རིམ་པ་བཞི་རུ་བཀར་ཡོད་དེ།

1.མི་སྒེར་གྱིས་ཧམ་ཟ་བྱས་ཚད་སྒོར་ཁྲི་10ཡན་ཟིན་ཡོད་ཚེ།དུས་བཙོན་ལོ་10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་དགོས་པ་དང་།རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་བཅད་ཀྱང་ཆོག བྱུང་རིམ་ཤིན་ཏུ་ཚབས་ཆེ་བ་ལ་སྲོག་ཆད་གཅོད་དགོས་པ་དང་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་དགོས།

2.མི་སྒེར་གྱི་ཧམ་ཟ་བྱས་ཚད་སྒོར་ཁྲི་5ཡན་ནས་སྒོར་ཁྲི་10ལོན་མེད་ཚེ།དུས་བཙོན་ལོ་5ཡན་གྱི་ཉེས་ཆད་གཅོད་དགོས་པ་དང་།རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་བཅད་ཀྱང་ཆོག བྱུང་རིམ་ཤིན་ཏུ་ཚབས་ཆེ་བ་ལ་ཚེ་བཙོན་གྱི་ཉེས་ཆད་གཅོད་དགོས་པ་དང་།ཆབས་སྦྲགས་སུ་རྒྱུ་ནོར་གཞུང་བཞེས་བྱེད་དགོས།

3.མི་སྒེར་གྱིས་ཧམ་ཟ་བྱས་ཚད་སྒོར་5000ཡན་དང་ཁྲི་5ལོན་མེད་ཚེ།དུས་བཙོན་ལོ་1ནས་ལོ་7བར་གྱི་ཉེས་ཆད་གཅོད་དགོས་པ་དང་།བྱུང་རིམ་ཚབས་ཆེ་བ་ལ་དུས་བཙོན་ལོ་7ནས་ལོ་10བར་གྱི་ཉེས་ཆད་གཅོད་དགོས།ཧམ་ཟ་བྱས་ཚད་སྒོར་5000ཡན་ནས་ཁྲི་1མ་ལོན་པར།ནག་ཉེས་བསགས་རྗེས་ཀྱི་འགྱོད་བཤགས་བྱེད་པའི་རྣམ་འགྱུར་དྲང་ཞིང་ཟོས་པ་ཕྱིར་སྤྲད་པ་ཡིན་ན།ཉེས་ཆད་ཇེ་ཡང་དུ་གཏོང་བའམ་རྩ་ཡང་དུ་བཏང་ཡང་ཆོག་ལ།རང་ཉིད་སྡོད་སའི་ལས་ཁུངས་སམ་རིམ་པ་གོང་མའི་ལས་ཁུངས་ཀྱིས་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་དགོས།

4.མི་སྒེར་གྱིས་ཧམ་ཟ་བྱས་ཚད་སྒོར་5000ལ་མ་ལོན་ནའང་།བྱུང་རིམ་ཅུང་ཚབས་ཆེ་བ་ལ་དུས་བཙོན་ལོ་2མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་དགོས།བྱུང་རིམ་ཚབས་ཆུང་ན་རང་ཉིད་སྡོད་སའི་ལས་ཁུངས་སམ་རིམ་པ་གོང་མའི་ལས་ཁུངས་ཀྱིས་གནས་ཚུལ་ལ་གཞིགས་ཏེ་སྲིད་འཛིན་ཆད་པ་གཅོད་དགོས་སོ།།

རྩོམ་སྒྲིག་པ། གཡུ་འཛོམས།