རང་ཁུལ་གྱིས་2021ལོའི“སྲོག་ལ་གཅེས་ཤིང་སྐྱོབས་པ་གམ་དུ་གནས”ཞེས་པའི་རྒྱ་གྲམ་དམར་པོའི བྱམས་སེམས་ཀྱི་ཆེད་དོན་བྱེད་སྒོ་སྤེལ།

རྩོམ་པ་པོ།   བློ་བདགདུས་ཚོད།   2021-05-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               རྔ་བའི་གསར་འགྱུར་དྲ་བའི་འཕྲིན།“འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ”74པར་དྲན་གསོ་ཞུ་བ་དང་། རྒྱ་གྲམ་དམར་པོའི་ཚོགས་པའི་བྱ་གཞག་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཟླ་5ཚེས་8ཉིན།རང་ཁུལ་གྱི་རྒྱ་གྲམ་དམར་པོ་ཚོགས་པས་འབར་ཁམས་གྲོང་ཁྱེར་གྱི་རྒྱ་གྲམ་དམར་པོའི་ཚོགས་པ་དང་མཉམ་འབྲེལ་བྱས་ནས། 2021ལོའི“སྲོག་ལ་གཅེས་ཤིང་སྐྱོབས་པ་གམ་དུ་གནས”ཞེས་པའི་རྒྱ་གྲམ་དམར་པོའི་ཚོགས་པའི་བྱམས་སེམས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་བ་རེད།

              ཐེངས་འདིའི་བྱེད་སྒོའི་ནང་རྒྱ་གྲམ་དམར་པོའི་ཚོགས་པའི་དང་བླངས་པ་ཚོས་ད་དུང《རྒྱ་གྲམ་དམར་པོའི་ཚོགས་པའི་བཅའ་ཁྲིམས》དང་། རིན་མི་དགོས་པར་ཁྲག་སྦྱིན་པ། ཕུང་པོ་དང་མི་ལུས་དབང་པོ་ཞལ་འདེབས་འབུལ་བ། ཁྲག་གསོའི་ཕྲ་ཕུང་ཞལ་འདེབས། ཨེ་ཙེའི་ནད་འགོག་བཅོས་བྱེད་པ། གེགས་འགོག་ཉེན་གཡོལ་གྱི་ཤེས་བྱ། ཏོག་གསར་གློ་ཚད་འགོག་བཅོས་དང་དེ་མིན་རིམས་འགོག་སྨན་ཁབ་རྒྱག་རྒྱུར་དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་4000ལྷག་ཁྱབ་སྤེལ་བྱས།

རྩོམ་སྒྲིག་པ། གཡུ་འཛོམས།