རྡོ་ཆབ་སྔོན་མོའི་རླབས་རྒྱུན།

རྩོམ་པ་པོ།   དུས་ཚོད།   2021-05-08   རྩོམ་ཁུངས།    རྔ་བའི་རྒྱང་སྒྲོག་ཁང་།

       འཛམ་ཐང་རྫོང་རྡོ་སྟོད་སློབ་ཆུང་གི་བོད་སྐད་ཡིག་འཁྲིད་དཔྱོད་ཁང་དང་ཁྱིམ་བདག་འཐུས་ཚབ་པ་དག་གིས་རྡོ་སྟོད་སློབ་ཆུང་གི་ས་ཁུལ་རིག་གནས་རྒྱུད་འཛིན་དང་དར་རྒྱས་ཀྱི་བྱེད་སྒོ་སྐབས་དང་པོ་སྟེ། རྡོ་ཆབ་སྔོན་མོའི་རླབས་རྒྱུན་ཞེས་པ་ཞིག་བསྡུས་འདུག་ལ།  ས་ཕྱོགས་དེའི་ཡུལ་སྲོལ་གོམས་གཤིས་དང་། འཚོ་བ་རོལ་སྟངས་དང་། རོང་འབྲོག་གི་འཚོ་བའི་ཡོ་བྱད་སོགས་ཀྱིས་མཚོན་པའི་ས་ཁུལ་རིག་གནས་ཀྱི་ཁྱད་ཆོས་དང་། བརྗོད་བྱ་གསལ་བའི་རིག་གནས་འགྲེམ་སྟོན་ནམ་སློབ་མ་རྣམས་ཀྱི་སློབ་གསེང་གི་བྱེད་སྒོ་ཕུན་སུམ་ཚོགས་པ་ཞིག་བསྒྲུབས་འདུག