ཁུལ་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་གྱིས་སྤེལ་བའི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་མཇུག་བསྒྲིལ།

རྩོམ་པ་པོ།   དུས་ཚོད།   2021-05-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཟླ་4ཚེས་15ཉིན་ཁུལ་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་གྱི་ཤེས་བྱའི་འགྲན་བསྡུར་ཝུན་ཁྲོན་རྫོང་དུ་མཇུག་བསྒྲིལ། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་དོ་དམ་ནུས་པ་སྔར་ལས་ཆེ་རུ་གཏོང་རྒྱུ་དང་། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྱུར་བཅོས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ཁྲིམས་འཛིན་མི་སྣའི་ཕྱོགས་བསྡུས་བྱང་ཚད་བརྟག་བཤེར། ཁྲིམས་འཛིན་དཔུང་ཁག་གི་གཟུགས་བརྙན་མངོན་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་ཀ་བྱང་ཆུབ་པ། སྒྲིག་ཁྲིམས་ནན་པ། སྤྱོད་ཚུལ་བཟང་བ། གཟུགས་བརྙན་བཟང་བ་བཅས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་དཔུང་ཁག་ཅིག་གཏོད་རྒྱུ་དེ་ཡིན་ལ། ཁྲིམས་འཛིན་དཔུང་ཁག་གིས་དམག་སྦྱོང་ཆེན་པོ་ཞིག་ཀྱང་ཡིན།

          ཁྲིམས་འཛིན་དམག་སྦྱོང་བྱས་པ་བརྒྱུད། འཐུས་མིའི་ཚོགས་པ་སོ་སོས་ཁྲིམས་འཛིན་རྩལ་ནུས་ཕྱོགས་ཡོངས་ནས་ངོམས་པའི་རྨང་གཞིའི་ཐོག ཕན་ཚུན་བསྡུར་ཕོད་པ་དང་སློབ་སྦྱོང་ལ་མཁས་པའི་རྣམ་པ་ཆགས་པ་བྱས་ནས་མཐུན་སྒྲིལ་དང་མཉམ་ལས་ཀྱི་མཛའ་གྲོགས་ཟབ་ཏུ་བཏང་སྟེ། ཁུལ་ཡོངས་སུ་རྩེ་གྲས་ཀྱི་ཁྲིམས་འཛིན་དཔུང་ཁག་གི་ལས་ཀའི་རྣམ་པ་བཟང་བོ་བཏོད་ནས། ཞིང་ཆེན་ཡོངས་ཀྱི་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་དང་དེ་མིན་རིག་གནས་ལྗོངས་སྐོར་བྱེད་སྒོ་མང་བོ་ཞིག་ལ་ཁྲོམ་རའི་ཁོར་ཡུག་བཟང་བོ་གཏོད་རྒྱུ་རེད།

རྩོམ་སྒྲིག་པ། གཡུ་འཛོམས།