མཛོད་དགེ་རྫོང་གི་སློབ་གྲྭ་ཁག་གིས་ཏང་དབུ་བརྙེས་ནས་ལོ་100འཁོར་ བར་ལེགས་སྐྱེས་ཕུལ་བ།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2021-04-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན། མཛོད་དགེ་རྫོང་བོད་ཡིག་སློབ་གྲྭའི་སློབ་རའི་ནང་གླུ་གཞས་ལྷང་ལྷང་དུ་གཏོང་བ་དང་ཚོན་དར་ལང་ལོང་དུ་གཡོ་བ།དགེ་སློབ་ཚོས་ཡིད་དབང་འཕྲོག་པའི་གླུ་དབྱངས་དང་སྙན་འཇེབས་ལྡན་པའི་ཞབས་བྲོ་ལས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་ལེགས་སྐྱེས་ཕུལ་བ། 2021ལོའི་ཟླ་4ཚེས་19ཉིན《ཏང་།སྙིང་ཉེ་བའི་ཨ་མ》ཞེས་པའི་རོལ་དབྱངས་ཁྲོད་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་སློབ་འབྲིང་གིས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་ལེགས་སྐྱེས་འབུལ་བའི་བྱེད་སྒོ་སྤེལ།

          སློབ་གྲོགས་ཚོའི་གྱེར་འདོན་གྱི་རྣམ་པ་གསར་རྐྱང་དང་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པས《རྨ་ཆུར་བསྟོད་པ》དང་《ཏང་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ》།《རྒྱང་སྐྱོད》།《མེས་རྒྱལ་ཡ།མེས་རྒྱལ 》།《སྙིང་ཉེ་བའི་ཀྲུང་གོ》སོགས་གསར་བརྗེའི་བརྩམས་ཆོས་རེ་རེ་འཁྲབ་སྟོན་བྱས་ནས་ལྷད་མེད་ཀྱི་བརྩེ་སེམས་དང་སྤྲོ་སེམས་འཁོལ་བའི་ངང་དུས་རབས་གསར་བའི་བོད་ཀྱི་སློབ་མའི་བསམ་པའི་ཉམས་འགྱུར་མངོན་ཡོད།

          ད་ཐེངས་ཀྱི་བྱེད་སྒོ་ལས་བོད་ཀྱི་ན་གཞོན་ཚོའི་འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་བའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད་ལ།བོད་ཡིག་སློབ་འབྲིང་གི་ཀུན་སྤྱོད་དང་སློབ་མ་གསོ་སྐྱོང་གི་སློབ་གསོའི་དམིགས་ཚད་ཀྱང་མངོན་ཡོད།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་།ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་བསྔགས་བརྗོད་བྱེད་པ་བཅས་ཀྱི་ཆ་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

          ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་ཆེད།སློབ་གསོ་ཅུས་ཀྱི་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག་དགེ་རྒན་དང་བྱིས་པ་ཡོངས་ཀྱི་རྒྱལ་གཅེས་སྙིང་སྟོབས་སྔར་བས་ལེགས་པའི་སྒོ་ནས་འཕེལ་བ་དང་རྒྱ་ཆེའི་དགེ་རྒན་དང་བྱིས་པ་ཚོའི་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཟུང་འབྲེལ་སྒོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ་ཞིང་།མཛོད་དགེ་རྫོང་གི་ལས་ཁུངས་བྱིས་གཉོར་ཁང་གིས་བྱིས་སེམས་ཏང་ལ་གཏད།ཏང་ལོ་ངོ་བརྒྱ་འཁོར་བར་བསྟོད་པ་བྱེད་ཅེས་པའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་གཙོའི་བྱེད་སྒོ་རབ་དང་རིམ་པ་སྤེལ།

          རྒྱལ་དར་གྱི་ཁ་དོག་ནི་ང་ཚོའི་སེམས་ནང་གི་ཆེས་མཛེས་པའི་ཁ་དོག་ཡིན།མཛོད་དགེ་རྫོང་གི་ལས་ཁུངས་བྱིས་གཉོར་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་རང་གི་སྨྱུ་གུས་རྒྱལ་དར་ལ་ཚོན་མདངས་བསྣན་པ་དང་།དགེ་རྒན་གྱིས་བྱིས་པའི་ལོ་ཚད་ལ་གཞིགས་ནས་བྱིས་པ་རྩ་འཛུགས་བྱས་ཏེ《དམག་མི་ཆུང་ཆུང་ཀྲང་ཀ》དང་།《ཝང་ཞའོ་ཨེར》སོགས་གསར་བརྗེའི་གློག་བརྙན་ལ་བལྟས།བྱིས་པ་ཚོ་འགྱུར་བ་མེད་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་མངོན་གསལ་དོད་པའི་མི་སྣའི་གཟུགས་བརྙན་གྱིས་ཡིད་དབང་བཀུག འགྲེལ་བཤད་དང་།དྲི་བ་བཏོན་པ་ལས་བྱིས་པ་ཚོར་གློག་བརྙན་གྱི་ནང་དོན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤེས་རྟོགས་བྱེད་རོགས་བྱས་ནས་ཁོ་ཚོར་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བ་ནི་ཐོབ་སླ་བོ་ཞིག་མིན་པ་ཤེས་སུ་བཅུག

           ད་ཐེངས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་བྱིས་པ་ཚོར་ཏང་གི་དྲོ་སྐྱིད་དང་མེས་རྒྱལ་རླབས་ཆེན་ཡིན་པའི་ཚོར་བ་ཐེབས་ཡོད་ལ།བྱིས་པ་ཚོས་རང་ཉིད་ལ་དམིགས་བསལ་དུ་ཡོད་པའི་བྱེད་སྟངས་སྤྱད་དེ་ཏང་གི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ་ཡོད།བྱིས་པ་ཚོར་ཆུང་དུས་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་མ་འོངས་པར་མེས་རྒྱལ་ལ་དྲིན་ལན་འཇལ་བའི་རླབས་ཆེན་གྱི་ཕུགས་འདུན་བཙུགས་ཏེ་བྱིས་པ་ཚོའི་སེམས་སུ་རྒྱལ་གཅེས་ཀྱི་ས་བོན་ཆུང་ཆུང་ཞིག་འབུས་དང་འབུ་བཞིན་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།