ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ཕྱོགས་སྟོན།

རྩོམ་པ་པོ།   དུས་ཚོད།   2021-04-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

1.སྔོན་ལ་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་བྱས་ཏེ། ཉེན་ཁ་ཆེ་བའི་ས་ཁུལ་དུ་གཞུང་དོན་དང་ལྗོངས་སྐོར་དུ་མི་འགྲོ་བ།

2.ཁ་རས་དང་དུག་སེལ་ལག་ཕྱིས་རློན་པ་སོགས་ཀྱི་ཡོ་བྱད་གྲ་སྒྲིག་བྱས་ཏེ། རང་ལ་བདག་ཡག་པོ་བྱེད་དགོས།

3.ས་གནས་དེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་རང་མོས་ངང་ལུས་པོའི་དྲོད་ཚད་ལ་ཞིབ་དཔྱད་ཚད་ལེན་དང་། བདེ་ཐང་ཨང་རྟགས་ཞིབ་དཔྱད་ཚད་ལེན་སོགས་ཀྱི་བྱེད་ཐབས་དང་ལེན་བྱེད་དགོས།

4.དྲྭ་ཐོག་ནས་སྔོན་དུ་མགྲོན་ཁང་སོགས་ཁ་ཆད་བྱེད་པ་དང་མཛེས་ལྗོངས་ཁུལ་གྱི་འཛིན་བྱང་ཉོ་དགོས་མིན་ལ་རྒྱུས་ལོན་བྱས་ཏེ། གློག་རྡུལ་དངུལ་སྤྲོད་བྱ་གང་ཐུབ་བྱེད་དགོས།

5.མི་གཞན་དང་བར་ཐག་སྨི་1འཇོག་གང་ཐུབ་བྱེད་དགོས་པ་དང་། མི་མང་དུས་ཁ་རས་གོན་དགོས།

6.ལག་པར་གཙང་མ་བཀྲུས་ཏེ། གང་ཐུབ་ཀྱིས་སྤྱི་བའི་དངོས་རྫས་ལ་མི་རེག་པ་དང་། གློག་སྐས་དང་། སྒོ་སོགས་སྤྱི་བའི་དངོས་རྫས་ཀྱི་ཕྱི་ངོས་ལ་ཐུག་རྗེས། ལག་པ་བཀྲུ་བའམ་ཡང་ན་ལག་པར་དུག་སེལ་བྱེད་དགོས།

7.ལུ་བ་དང་ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་སྐབས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

རྩོམ་སྒྲིག་པ། གཡུ་འཛོམས།