རྩོམ་པ་པོ།   སྒྲ་དབྱངས། དུས་ཚོད།   2021-02-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།
དགུན་ཧ་ཅང་ཧ་ཅང་རིང་འདུག
ངས་དགུན་མགོ་མ་ནས་དཔྱིད་ཀ་སླེབས་པར་རེ་སྒུག་བྱས་ཡོད།
མཁའ་དབྱིངས་སུ་འཕུར་བའི་བྱ་བྱིའུ་སྣ་ཚོགས་མིག་ཟུང་དུ་ཡང་ཡང་མངོན།
ཨ་ཨ། དཔྱིད་ཀ་སླེབས་བྱུང་།
ད་ནི་དཔྱིད་ཀ་ངོ་མ་སླེབས་བྱུང་།
ལྟོས་དང་།
མེ་ཏོག་སྣ་ཚོགས་གློ་བུར་དུ་ངའི་རྩྭ་ཐང་ལ་ཁྱབ།
ངས་མཐོ་གངས་ལྗོངས་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པར་རེ་སྒུག་བྱས་ཡོད།
དུས་འདིར།
འདམ་གྱི་དྲི་ཞིམ་ཕྱོགས་བཞིར་ཁེངས་ཤིང་།
མེ་ཏོག་གི་བཀྲག་མདངས་རྣམ་པར་འཚེར།
སྐྱིད་འོས་པའི་དཔྱིད་ཀ་ནི་ང་ཚོའི་མིག་མདུན་དུ་ཤར་ཡོད།
གྲོགས་བཟང་ལགས།
ཁྱེད་ཀྱི་འགྲམ་དུ་དཔྱིད་ཀ་འཁོར་ཡོད་དམ།
རྩོམ་སྒྲིག་པ། ཚེ་པེ།